འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་སུ“ཕྲུག་གཉིས”ཀྱི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་08ཉིན། 09:32】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༦ཉིན་གསར་འགོད་པས་བོད་རང་སྐྱོང་ལྗོངས་འཕྲོད་བསྟེན་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་འཚོགས་པའི་གསར་འགྱུར་ཡོངས་བསྒྲགས་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་སུ“ཕྲུག་གཉིས”ཀྱི་སྲིད་ཇུས་དངོས་སུ་ལག་བསྟར་བྱས་པ་རེད།
         <<བོད་རང་སྐྱོང་ལྗོངས“ཕྲུག་གཉིས”ཀྱི་སྲིད་ཇུས་ལག་བསྟར་ཇུས་གཞི>>ཞེས་པའི་ནང་། <<སྐྱེ་གསོའི་སྲིད་ཇུས་ལེགས་སྒྲིག་དང་འཐུས་ཚང་དུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར>>མ་བཏོན་གོང་། བཟའ་ཚང་ཕྱོགས་གཅིག་བུ་གཅིག་མ་ཡིན་པའི་བཟའ་ཚོས་སྒྲིག་འགལ་ངང་ཕྲུ་གུ་གཉིས་པ་སྐྱེས་རིགས་ལ<<བོད་རང་སྐྱོང་ལྗོངས་འཆར་ལྡན་བུ་བཙའི་གནས་སྐབས་ལག་བསྟར་གྱི་དོ་དམ་བྱ་ཐབས(ཚོད་ལྟའི་ལག་བསྟར)>>ལ་གཞིགས་ནས་ལག་བསྟར་བྱ་རྒྱུ་དང་། ཐག་གཅོད་བྱས་རིགས་དེ་སྔའི་ཐག་གཅོད་ལ་འགྱུར་ལྡོག་གཏོང་རྒྱུ་མིན་པ་རེད། ༢༠༡༣ལོའི་ཟླ་༡༢ཚེས་༢༡ཉིན་གྱི་རྗེས་ནས་༢༠༡༤ལོའི་ཟླ་༩ཚེས་༡༧ཉིན་གོང་བར་བཟའ་ཚོ་གཉིས་ནས་ཕྱོགས་གཅིག་བུ་གཅིག་མ་ཡིན་པའི་བཟའ་ཚོས་ཕྲུ་གུ་གཉིས་པ་སྐྱེས་རིགས་དང་ཞིབ་དཔྱད་བྱས་པ་བརྒྱུད་ཆ་རྐྱེན་དང་འཚམ་རིགས་ལ་འབྲེལ་ཡོད་འགྲོ་ལུགས་གསབ་གཉེར་བྱེད་དགོས་པ་བསྟན་ཡོད།
         དེ་མིན་ད་དུང་ཕྲུ་གུ་གཉིས་པ་སྐྱེ་རྒྱུའི་རེ་ཞུ་འདོན་མཁན་ཁེར་སྐྱེས་བཟའ་ཚོས་ཕྲུ་གུ་གཅིག་རང་ངམ་ཡང་ན་ཕྲུ་གུ་གཅིག་རང་ཕ་མའི་བྱ་དགའི་གཟིགས་སྐྱོང་ཐོབ་ཐང་ལོངས་སུ་སྤྱོད་རྒྱུའི་གནད་དོན་ཐད<<སླར་ཡང་ཕྲུ་གུ་གཅིག་སྐྱེ་ཆོག་པའི་སྐྱེ་གསོའི་ལག་ཁྱེར>>ལེན་པའི་ཉིན་དེ་ནས་བཟུང་བྱ་དགའ་དང་གཟིགས་སྐྱོང་ཐོབ་ཐང་མཚམས་འཇོག་བྱ་རྒྱུ་དང་དེ་སྔ་བླངས་པའི་དངུལ་རྣམས་ཕྱིར་སློག་བྱེད་མི་དགོས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།