འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཨུ་རུ་སུའི་ཙུང་ཐུང་ཕུའུ་ཅིང་གིས་པེ་ཅིང་དུ་འཚོགས་པའི་APECགྲོས་ཚོགས་དེ་
    ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དོན་ཆེན་གལ་
    འགངས་ཆེ་བ་ཞིག་རེད་ཅེསགསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 15:00】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཨུ་རུ་སུ་རྒྱལ་ཕྲན་མཉམ་འབྲེལ་གྱི་ཙུང་ཐུང་ཕུའུ་ཅིང་པེ་ཅིང་དུ་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་དཔལ་འབྱོར་མཉམ་ལས་རྩ་འཛུགས་(APEC)ཀྱི་འགོ་ཁྲིད་པའི་དངོས་གཞི་མིན་པའི་གྲོས་ཚོགས་ཐེངས་༢༢པར་ཞུགས་པར་ཕེབས་གྲབས་ཡོད་པའི་སྐབས་སུ་མོ་སི་ཁོ་གྲོང་ཁྱེར་དུ་ཀྲུང་གོའི་མི་དམངས་ཉིན་རེའི་ཚགས་པར་ལ་སོགས་པའི་སྨྱན་སྦྱར་ལས་ཁུངས་ཀྱི་མཉམ་འབྲེལབཅའ་འདྲི་དང་ལེན་གནང་ཞིང་། ཁོང་གི་པེ་ཅིང་དུ་འཚོགས་པའི་APECགྲོས་ཚོགས་དེ་འདི་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ས་ཁུལ་གྱི་དོན་ཆེན་གལ་འགངས་ཆེ་བ་ཞིག་ཏུ་འགྱུར་ངེས་རེད། ཀྲུང་གོ་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་དང་སྔ་རྒྱུན་གཞིར་བཞག་གིས་དམ་ཞིང་དགེ་མཚན་ལྡན་པའི་མཉམ་ལས་སྤེལ་རྒྱུའི་རེ་བ་བྱེད་ཀྱི་ཡོད་ཅེས་ནན་བཤད་གནང་བ་དང་། ཕུའུ་ཅིན་གྱིས་ད་དུང“པེ་ཅིང་གྲོང་ཁྱེར་དུ་འཚོག་གྲབས་ཡོད་པའི་APECགྲོས་ཚོགས་འདིས་ས་ཁུལ་འདིར་འདྲ་མཉམ་དང་གཉིས་ཕན་གྱི་རོགས་ཟླའི་འབྲེལ་བ་བྱེད་ཤུགས་སྔར་ལས་ཆེ་རུ་གཏོང་བར་ལེགས་སྐྱེས་མངོན་གསལ་དོད་པོ་འབུལ་ངེས་ཡིན་པར་ཡིད་ཆེས་ཡོད”ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།