འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།པུན་ལ་ཏེང་བཀྲོངས་མཁན་གྱི་དམག་མིའི་ཐོབ་ཐང་ཕྱིར་བསྒྲགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་07ཉིན། 14:39】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།པུན་ལ་ཏེང་བཀྲོངས་མཁན་གྱི་དམག་མིའི་ཐོབ་ཐང་ཕྱིར་བསྒྲགས་པ།
          མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༥ཉིན་དབྱིན་ཇིའི་<<ཉིན་རེའི་སྦྲག་ཚགས>>སུ་སྤེལ་བའི་བརྡ་འཕྲིན་ལ་གཞིགས་ན། ༢༠༡༡ལོའི་ཨ་རིའི་དམག་གིས་པུན་ལ་ཏེང་ལ་འཐབ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་དུ་ཞུགས་ཤིང་ད་རུང་དངོས་སུ"རྟེན་གཞི"རྩ་འཛུགས་ཀྱི་འགོ་དཔོན་བཀྲོངས་མྱོང་བའི་ཨ་རིའི་འཕྲལ་རྒོལ་རུ་ཁག་གི་ཆེད་ལས་དམག་མི་དེའི་ཐོབ་ཐང་ནི་ཉེ་ཆར་འཛམ་གླིང་ཡོངས་ལ་སྟོན་རྒྱུ་རེད་ཅེས་བྲིས་འདུག  <<ཉིན་རེའི་སྦྲག་ཚགས་>>ལས་པུན་ལ་ཏེང་བཀྲོངས་མཁན་གྱི་དཔའ་བོ་ཁོང་གི་མཚན་ལ་རོ་བྷི་ཨོ་ནེར་ཟེར་ཞིང་། ཁོང་ནི་དཔའ་མཛངས་ཅན་ཤ་སྟག་ལས་གྲུབ་པའི་ཨ་རིའི་མཚོ་གཟིག་འཕྲལ་རྒོལ་རུ་ཁག་ཁྲོད་དུ་སྙན་གྲགས་ཤིན་ཏུ་ཆེ། སྔོན་ཆད་དམག་འཁྲུག་ཐེངས་༤༠༠ལྷག་ལ་ཞུགས་མྱོང་བ་མ་ཟད། དམིགས་དབེན་དགྲ་ཡ་༣༠ལྷག་བཀྲོངས་ཟིན། བྱས་རྗེས་རྟགས་མ་༥༢བླངས་ཡོད་པ་རེད་ཅེས་བྲིས་ཡོད་པ་རེད།
    ༄༅།།པུན་ལ་ཏེང་བཀྲོངས་མཁན་གྱི་དམག་མིའི་ཐོབ་ཐང་ཕྱིར་བསྒྲགས་པ།
      

    ཕྱོགས་བསྡུས་གསར་འགྱུར།