འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་7ཉིན།
  • མི་དམངས་དྲ་བ།

    ༄༅།།གླང་ཆེན་ཁ་འབབ་སྟོད་རྒྱུད་དུ་ཞང་ཞུང་སྐབས་ཀྱི་བང་སོ་རྙེད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 15:15】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། 2014ལོའི་སྤྱི་ཟླ་6ནས་ཟླ་9བར། ཀྲུང་གོའི་སྤྱི་ཚོགས་ཚན་རིག་ཁང་གི་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་བོད་རང་སྐྱོང་ལྗོངས་རིག་དངོས་སྲུང་སྐྱོབ་ཞིབ་འཇུག་ཁང་གཉིས་ནས་མཉམ་འབྲེལ་གྱིས་བོད་ལྗོངས་མངའ་རིས་གླང་ཆེན་ཁ་འབབ་ཀྱི་སྟོད་རྒྱུད་དུ་གནའ་རྫས་རྐོ་འཚོལ་གྱི་ལས་ཀ་སྒྲུབ་སྐབས། ཞང་ཞུང་རྒྱལ་རབས་སྐབས་ཀྱི་བང་སོ་ཡོད་པའི་ཡུལ་གཉིས་ནས་ས་དུར་གཅིག་དང་དོང་དུར་ལྔ་རྙེད་ཅིང་། དེ་ནང་དུ་ཤིང་གི་དུར་སྒམ་དང་གསེར་གྱི་ཞལ་འབག ཟངས་དང་ལྕགས། ཤིང་གི་ཡོ་ཆས་སོགས་བཏོན་པ་མ་ཟད། དོང་དུར་ལྔ་ལས་གྲུ་བཞི་ནར་མོའི་དུར་སྒམ་དང་། རྫ་མ་ཆེ་ཆུང་སྣ་ཚོགས། རྟ་དང་ལུག་སོགས་སྲོག་ཆགས་ཀྱི་རུས་པ་མང་པོ། མི་རུས་ཆ་ཚང་དང་གཤིན་རྫས་མང་པོ་བཅུག་ཡོད། མ་ཟད་ཤིང་གི་སོ་མང་དང་ཟངས་ཀྱི་མེ་ལོང་ཡུ་བ་ཅན། པང་གཅལ་ཚོན་རིས་ཅན། ཁལ་འཐག་ཡོ་ཆས། རྫ་མ་ཚོན་རིས་ཅན། མཆོང་སོགས་མང་པོ་ལག་སོན་བྱུང་བས། དེས་ཞང་ཞུང་རིག་གནས་ཞིབ་འཇུག་ཐད་དཔྱད་གཞི་གལ་ཆེན་འདོན་སྤྲོད་ཐུབ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།