མི་དམངས་དྲ་བ།

༄༅།།ཞིས་ཅིན་ཕིང་གིས་ཁ་ཐར་གྱི་སྐུ་མགྲོན་ཨེ་སྨི་ཨར་ཐཱ་སྨི་མུའུ་དང་གྲོས་མོལ་གནང་བ།

གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་04ཉིན། 14:47】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

༄༅།།ཞིས་ཅིན་ཕིང་གིས་ཁ་ཐར་གྱི་སྐུ་མགྲོན་ཨེ་སྨི་ཨར་ཐཱ་སྨི་མུའུ་དང་གྲོས་མོལ་གནང་བ།

མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༣ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་ཁ་ཐར་རྒྱལ་ཁབ་ཀྱི་སྐུ་མགྲོན་ཨེ་སྨི་ཨར་ཐཱ་སྨི་མུའུ་དང་གྲོས་མོལ་གནང་སྐབས། རྒྱལ་ཁབ་གཉིས་ཀྱི་དབུ་གཙོས་ཀྲུང་གོ་དང་ཁ་ཐར་རྒྱལ་ཁབ་གཉིས་བར་འཐབ་ཇུས་རོགས་ཟླའི་འབྲེལ་བ་དངོས་སུ་བཙུགས་པ་ཁྱབ་བསྒྲགས་བྱས། ཞིས་ཅིན་ཕིང་གིས་ཀྲུང་གོའི་ཕྱོགས་ཀྱིས་ཁ་ཐར་གྱི་བདག་དབང་དང་མངའ་ཁོངས་གཅིག་གྱུར་ལ་རྒྱབ་སྐྱོར་དང་། རྒྱལ་ཁབ་བདེ་འཇགས་དང་བརྟན་ལྷིང་ལ་སྲུང་སྐྱོབ་བྱེད་པའི་ལས་དོན་ལ་རྒྱབ་སྐྱོར་བྱེད་ཀྱི་ཡོད་པ་མ་ཟད། ཁ་ཐར་གྱིས་ས་ཁུལ་གྱི་གནད་དོན་ཐག་གཅོད་བྱེད་པའི་ཁྲོད་དམིགས་བསལ་ནུས་པ་འདོན་རྒྱུར་རྒྱབ་སྐྱོར་བྱ་རྒྱུ་ཡིན། ཀྲུང་གོས་ཁ་ཐར་རྒྱལ་ཁབ་དར་གོས་གནའ་ལམ་གྱི་དཔལ་འབྱོར་ལམ་བུ་དང་དུས་རབས་༢༡པའི་མཚོ་ཐོག་དར་གོས་གནའ་ལམ་གྱི་འཛུགས་སྐྲུན་ཁྲོད་ཞུགས་རྒྱུར་དགའ་བསུ་ཞུ་རྒྱུ་དང་ཆབས་ཅིག་ཁ་ཐར་དང་མཉམ་དུ་གཏན་འཇགས་རང་བཞིན་གྱི་ནུས་ཁུངས་རོགས་ཟླའི་འབྲེལ་བ་བཙུགས་ནས་ཁྱབ་ཁོངས་སོ་སོའི་མཉམ་ལས་རྒྱ་ཆེར་གཏོང་འདོད་ཡོད། གཞན་༢༠༡༦ལོར་ཀྲུང་ཁའི་རིག་གནས་ལོའི་བྱེད་སྒོ་སྤེལ་རྒྱུར་ཀྲུང་གོའི་ཕྱོགས་ཀྱིས་རྒྱབ་སྐྱོར་བྱ་རྒྱུ་ཡིན་ཞེས་གསུངས།