འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་སེམས་དང་སྒྲུབ་སེམས་ཆེ་རུ་ཏན་
    ཏིག་གཏོང་དགོས་པ།

    ——ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་རྒྱུའི་སྐོར་གྱི་གླེང་ཐེངས་གཉིས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 09:35】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། བསམ་བློ་ནི་བྱ་སྤྱོད་ཀྱི་སྣེ་ཁྲིད་ཡིན་པས་དེས་བྱ་སྤྱོད་ཀྱི་ཁ་ཕྱོགས་སྣེ་ཁྲིད་བྱེད་ཀྱི་ཡོད། ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ལོ་༢༠འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་དེ་གོ་སྐབས་དང་བྱ་སྤྱོད་ཅིག་ཏུ་བརྩིས་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་པར་ངེས་པར་དུ་ཁ་གཏད་བོད་སྐྱོར་བྱས་ནས་ལོ་༢༠སོང་རིང་ཐོབ་པའི་གྲུབ་འབྲས་དང་ཉམས་མྱོང་ལ་ཁྱོན་ཡོངས་ནས་ཕྱོགས་སྡོམ་བྱེད་པ་དང་ངོས་འཛིན་གཏིང་ཟབ་བྱས་ཏེ་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་དགོས།
         ཁ་གཏད་བོད་སྐྱོར་ལས་དོན་ལ་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་ལ་ཚན་རིག་དང་མཐུན་པའི་སྒོ་ནས་ཕྱོགས་སྡོམ་བྱས་ན་གཞི་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུའི་ཐོག་སྐྱོད་པའི་རང་རྟོགས་རང་བཞིན་དང་འགྱུར་མེད་རང་བཞིན་སྔར་བས་ཆེ་རུ་འགྲོ་ཐུབ་ལ། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ཁ་གཏད་བོད་སྐྱོར་ལས་དོན་སླར་ཡང་ཆུ་ཚད་གསར་པ་ཞིག་གི་ཐོག་སླེབས་རྒྱུར་སྐུལ་འདེད་གཏོང་བའི་སྟོབས་ཤུགས་གཅིག་ཏུ་སྒྲིལ་ཐུབ། རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའི་ཚོགས་འདུས་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་ལས་དོན་སྤེལ་ནས་ལོ་༢༠འཁོར་བའི་བརྙན་འཕྲིན་ཁ་པར་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱེད་སྐབས་རླབས་ཆེན་གྱི་གྲུབ་འབྲས་ནི་རླབས་ཆེན་གྱི་གསར་གཏོད་ལས་བྱུང་བ་ཞིག་ཡིན་པས་ལྗོངས་ཡོངས་ཀྱི་རིམ་ཁག་ཏང་སྲིད་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པ་ཚོར་ཁ་གཏད་བོད་སྐྱོར་བྱས་ནས་ལོ་༢༠རིང་གི་གྲུབ་འབྲས་ཆེན་པོར་ཕྱོགས་སྡོམ་ནན་ཏན་དང་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་བཏང་ནས་ཁ་གཏད་བོད་སྐྱོར་ལས་དོན་གྱི་རྣམ་པ་གསར་པ་ཧུར་ཐག་གཏོད་དགོས་ཞེས་ནན་བཤད་བྱས་ཡོད།
         ལོ་༢༠ཡི་རིང་ཁ་གཏད་རོགས་སྐྱོར་ཚན་པ་ཁག་གིས་བོད་སྐྱོར་ལས་དོན་མཐའ་འཁྱོངས་བྱ་རྒྱུ་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ཞིག་ཏུ་བརྩིས་ནས་ཤེས་ལྡན་ལས་བྱེད་པར་བརྟེན་ནས་བོད་སྐྱོར་བྱ་རྒྱུ་དེ་གནས་བབ་ཨང་དང་པོར་བཞག་སྟེ་ཚད་གཞི་ནན་པོ་དང་ཡག་པོའི་ནང་ནས་ལེགས་འདེམས་ཀྱིས་སྤྱི་ཚོགས་རིང་ལུགས་ཀྱི་བོད་གསར་འཛུགས་སྐྲུན་བྱ་ཆེད་ཁྲག་རྒྱུན་གསར་པ་ཁ་གསབ་དང་། སྟོབས་ཤུགས་གལ་ཆེན་སྣོན་པ། ཤེས་ལྡན་ལས་བྱེད་པའི་དཔུང་ཁག་སྟོབས་ཆེར་བཏང་བ་བཅས་བྱས་ཡོད། ལོ་༢༠ཡི་རིང་ཁ་གཏད་རོགས་སྐྱོར་ཚན་པ་ཁག་གིས་དཔལ་འབྱོར་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དེ་བོད་སྐྱོར་ལས་དོན་གྱི་ནང་དོན་གལ་ཆེན་ཞིག་ཏུ་བརྩིས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་དང་མཉམ་དུ་ཀྲུང་དབྱང་གིས་གནང་བའི་བོད་ཀྱི་དམིགས་བསལ་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་དང་བེད་སྤྱོད་ཡག་པོ་བྱེད་པ་དང་། རོགས་སྐྱོར་ཐོབ་ཡུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་བྱེད་པ། ཁྱད་ལྡན་ལེགས་ལྡན་ཐོན་ལས་འཕེལ་རྒྱས་གཏོང་བ། བོད་དང་ནང་སའི་སྤེལ་རེས་དང་མཉམ་ལས་ལ་ཤུགས་སྣོན་རྒྱག་པ། དཔལ་འབྱོར་རྒྱུན་མཐུད་དང་སྐྱོན་བྲལ་ངང་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་བཅས་བྱས་ཡོད། ལོ་༢༠ཡི་རིང་ཁ་གཏད་རོགས་སྐྱོར་ཚན་པ་ཁག་གིས་དམངས་འཚོའི་བོད་སྐྱོར་ཐོག་མཐའ་བར་གསུམ་དུ་མངོན་གསལ་དོད་པོ་ཡོང་བ་དང་དམངས་འཚོ་སྔོན་ལ་ལེགས་སུ་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་བོད་སྐྱོར་མ་དངུལ་གྱི་རྣམ་གྲངས་དེ་གཞི་རིམ་ལ་ཕྱོགས་པ་དང་ཞིང་འབྲོག་པར་ཕྱོགས་ནས་ཞིང་འབྲོག་ཁུལ་གྱི་རྣམ་པ་ལེགས་སུ་ནུས་ལྡན་བཏང་བ་དང་མི་རིགས་ཁག་གི་མི་དམངས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་བཏང་ཡོད། ལོ་༢༠ཡི་རིང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པ་ཚོས་རང་ཉིད་བོད་ཀྱི་ལས་བྱེད་པའི་དཔུང་ཁག་གི་གྲས་སུ་ཐོག་མཐའ་བར་གསུམ་དུ་བརྩིས་ནས་བོད་སྐྱོར་ལས་དོན་སྤེལ་བ་དང་ཆབས་ཅིག་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་གི་སྤྱི་ཡོངས་ལ་རང་རྟོགས་ངང་བསྟུན་པ་དང་ཞབས་འདེགས་ཞུས་ནས་བྱ་སྤྱོད་དངོས་ཀྱི་ཐོག་ནས“ཁ་འབྲལ་ཐབས་མེད་པ་གསུམ”གྱི་བསམ་བློ་ལག་བསྟར་གྱིས་མི་རིགས་ཁག་གི་མང་ཚོགས་རྣམས་ཁྱིམ་ཚང་གཅིག་ལྟར་བརྩིས་ནས་མི་རིགས་མཐུན་སྒྲིལ་དང་ཞི་མཐུན་བརྟན་ལྷིང་ལ་སྐུལ་འདེད་བཏང་ཡོད།
         ཁ་གཏད་བོད་སྐྱོར་བྱས་ནས་ལོ་༢༠ཡི་རིང་རྩ་ཆེའི་ཉམས་མྱོང་མང་པོ་གསོག་འཇོག་བྱས་པ་དང་ཆེས་གལ་འགངས་ཆེ་ཤོས་ནི་ཀྲུའུ་ཞི་ཡུས་ཀྲེང་ཧྲེང་གིས་བཏོན་པའི“ངེས་པར་དུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་བྱེད་དགོས་པ་ལྔ”སྟེ། ངེས་པར་དུ་དུས་རབས་གསར་པའི་བོད་ཀྱི་ལས་དོན་གྱི་མཛུབ་ཁྲིད་བསམ་བློ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་སྤྱི་ཚོགས་རིང་ལུགས་ལམ་ལུགས་ཀྱི་གཅིག་སྡུད་སྟོབས་ཤུགས་ལ་བརྟེན་པ་དང་་དོན་ཆེན་སྒྲུབ་པའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་ཀྲུང་གོའི་ཁྱད་ཆོས་དང་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་ཀྱི་ལམ་བུའི་ཐོག་བསྐྱོད་དགོས་པ་དང་། ངེས་པར་དུ་ཏང་གི་མང་ཚོགས་ལམ་ཕྱོགས་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་རྒྱུ་དེ་འགོ་འཛུགས་ས་དང་དོན་ལ་བབས་སར་བརྩི་བ་དང་། དམངས་འཚོར་བརྟེན་ནས་དམངས་སེམས་གཅིག་ཏུ་བསྒྲིལ་ཏེ་ཏང་དང་སྲིད་གཞུང་གི་གོང་བུ་འགྲིལ་ཤུགས་དང་བློ་སེམས་ཕྱོགས་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ངེས་པར་དུ་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། གཅིག་གྱུར་བཅས་ལ་སྐུལ་འདེད་བཏང་ནས་མི་རིགས་ཁག་དབར་དབུགས་ལམ་གཅིག་གྱུར་དང་། བདེ་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྦྲེལ་བཅས་ཀྱི་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱེད་དགོས་པ། ངེས་པར་དུ་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། བོད་རང་ངོས་ཀྱི་དཀའ་སྤྱད་འབད་བརྩོན་བཅས་ཟུང་འབྲེལ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་བོད་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་ནང་ངོས་སྒུལ་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་གཏོང་དགོས་པ། ངེས་པར་དུ་བོད་སྐྱོར་ལས་བྱེད་པ་ལེགས་འདེམས་ཧྲག་སྒྲུག་དང་བོད་ཀྱི་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་གཉིས་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་ཐོག་མཐའ་བར་གསུམ་དུ་མཐའ་འཁྱོངས་ཀྱིས་ལས་བྱེད་པའི་བྱང་ཚད་ནུས་ཤུགས་ཡོད་རྒུས་མཐོ་རུ་གཏོང་བ་དང་དཔུང་ཁག་གི་གྲུབ་ཆ་ནུས་ཤུགས་ཡོད་རྒུས་ལེགས་སུ་བཏང་སྟེ་བོད་བརྟན་ལྷིང་དང་བོད་དར་རྒྱས་ཀྱི་རྐང་འཛིན་སྟོབས་ཤུགས་རྒྱུན་ཆད་མེད་པར་བརྟན་དུ་གཏོང་བ་དང་སྟོབས་ཆེར་གཏོང་དགོས་པ་བཅས་རེད།
         ལོ་༢༠ཡི་འོད་སྟོང་འབར་བའི་གྲུབ་འབྲས་དེ་དག་ནི་ཏང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་མཁས་མཛངས་ལྡན་པའི་བཀོད་ཇུས་དང་། ཁ་གཏད་བོད་སྐྱོར་ཚན་པ་དང་རྒྱ་ཆེའི་བོད་སྐྱོར་ལས་བྱེད་པའི་སྒེར་སེམས་མེད་པའི་རོགས་སྐྱོར་དང་དཀའ་སྤྱད་འབད་བརྩོན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བློ་རྩེ་གཅིག་སྒྲིམ་ངང་མཐུན་སྒྲིལ་དང་དཀའ་སྤྱད་འབད་བརྩོན་བཅས་མེད་ན་ད་ཆའི་བོད་ཀྱི་དཔལ་འབྱོར་མགྱོགས་མྱུར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་དུས་བབ་ཞི་མཐུན་བརྟན་ལྷིང་ཡོང་མི་སྲིད་པ་ལག་ལེན་ཐོག་ནས་ར་སྤྲོད་བྱེད་ཐུབ། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་། མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཚོས་ངེས་པར་དུ་བསམ་བློ་དང་བྱ་སྤྱོད་དེ་ཀྲུང་དབྱང་གིས་བོད་ལ་ཁ་གཏད་རོགས་སྐྱོར་ལས་དོན་གྱི་བཀོད་སྒྲིག་ཐོག་གཅིག་གྱུར་ཡོང་བ་བྱས་ཏེ་ཁ་གཏད་བོད་སྐྱོར་བྱས་ནས་ལོ་༢༠རིང་གི་སྤྱོད་གོ་ཆོད་པའི་བྱེད་ཐབས་དང་ཉམས་མྱོང་རྒྱུན་ཆད་མེད་པར་མཐའ་འཁྱོངས་དང་འཐུས་སྒོ་ཚང་དུ་བཏང་ནས་ཁ་གཏད་བོད་སྐྱོར་ལས་དོན་ཡག་པོ་སྒྲུབ་པའི་འགན་འཁྲིའི་སེམས་པ་དང་ལས་འགན་སྒྲུབ་སེམས་ཆེ་རུ་ཏན་ཏིག་གཏོང་བ་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རྒྱལ་ཡོངས་མི་དམངས་ཀྱི་རོགས་སྐྱོར་དེ་ལེགས་ལ་མྱུར་བའི་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་ཆེན་པོ་ཞིག་ཏུ་ཏན་ཏིག་འགྱུར་བ་བྱེད་དགོས།
      

    ཕྱོགས་བསྡུས་གསར་འགྱུར།