འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དེ་ཟླ་བཅུ་པའི་ནང་ཚོད་ལྟའི་ངང་གློག་གཏོང་ཐུབ་རེ་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 07:56】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།ཁྲོན་བོད་དྲ་སྦྲེལ་ལས་གྲྭ་དེ་ཟླ་བཅུ་པའི་ནང་ཚོད་ལྟའི་ངང་གློག་གཏོང་ཐུབ་རེ་ཡོད་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་ཁྲོན་བོད་དྲ་སྦྲེལ་ལས་གྲྭའི་བཀོད་འདོམས་པུའུ་ནས་ཤེས་རྟོགས་བྱུང་བར་གཞིགས་ན། རྒྱལ་སྟོན་དུས་ཆེན་གྱི་གུང་གསེང་རིང་ཁྲོན་བོད་དྲ་སྦྲེལ་ལས་གྲྭར་རྒྱུན་གཏན་ལྟར་ཨར་སྐྲུན་བྱེད་བཞིན་ཡོད་པ་དང་། ལས་གྲྭ་འཛུགས་སྐྲུན་གྱི་ལྷུ་ཚིགས་ཁག་ནང་ཁྱོན་མི་གྲངས་༦༨༧༢ཞུགས་ཡོད་ཅིང་། ཟླ་བཅུ་པའི་ཟླ་སྨད་དུ་ཚོད་ལྟའི་ངང་གློག་གཏོང་ཐུབ་རེ་ཡོད་པ་རེད།
         ལས་གྲྭའི་བཀོད་འདོམས་པུའི་ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། མིག་སྔར་ཁྲོན་བོད་དྲ་སྦྲེལ་ལས་གྲྭ་ལག་བསྟར་བྱེད་རིང་གསར་དུ་བསྐྲུན་པའི་ཆན་ཕུའུ་༥༠༠ཡོད་པའི་འབའ་ཐང་དང་ཆབ་མདོའི་གློག་སྒྱུར་ས་ཚིགས་༢དང་ཆན་ཕུའུ་༢༢༠ཡོད་པའི་སྤང་མདའ་དང་གཡུ་ལུང་གློག་སྒྱུར་ས་ཚིགས་༢ཀྱི་གློག་ཤུགས་སྒྲིག་སྦྱོར་བྱེད་ཚད་དེ་ལས་གྲྭ་ཆ་ཚང་གི་༩༥%ཡན་ལེགས་གྲུབ་ཟིན་ཡོད། ལས་གྲྭ་ཞིབ་བཤེར་རྩིས་ལེན་ལས་དོན་འགོ་ཚུགས་པ་དང་། ལས་ཡུལ་ནས་བྲལ་རྒྱུའི་ལས་དོན་བཀོད་སྒྲིག་ཟིན་པ། ཁྲོན་བོད་དྲ་སྦྲེལ་ལས་གྲྭ་སྐྲུན་མཇུག་འགྲིལ་ཉེར་ཡོད་པ་རེད།
         ཁྲོན་བོད་དྲ་སྦྲེལ་ལས་གྲྭ་བསྐྲུན་ཟིན་རྗེས་བོད་ཀྱི་ཆབ་མདོ་དང་སི་ཁྲོན་དཀར་མཛེས་སོགས་ས་ཆར་ཡུན་རིང་གློག་དཀོན་པའི་གནད་དོན་ཚད་གཞི་མཐོ་པོས་ཐག་གཅོད་ཐུབ་སྟེ་བོད་ལྗོངས་དང་སི་ཁྲོན་སོགས་ས་ཆའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་གཏོང་རྒྱུ་དང་ཐོན་ཁུངས་ལུགས་མཐུན་ངང་གསར་སྤེལ་དང་བེད་སྤྱོད་བྱ་རྒྱུར་སྐུལ་མ་ཐེབས་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།