འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་8ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིང་ཆེན་དང་རང་སྐྱོང་ལྗོངས་དང་གྲོང་ཁྱེར་21གི་སློབ་འབྲིང་32སུ“ནང་སའི་བོད་
    ལྗོངས་འཛིན་གྲྭ”བཙུགས་ཡོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་08ཉིན། 09:27】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་ནས་ཤེས་རྟོགས་བྱུང་བར་གཞིགས་ན། མིག་སྔར་རྒྱལ་ཡོངས་ཀྱི་པེ་ཅིང་དང་། ཧྲང་ཧའེ། ཀོང་ཏུང་སོགས་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་༢༡གི་སློབ་འབྲིང་༣༢སུ་ནང་སའི་བོད་ལྗོངས་འཛིན་གྲྭ་བཙུགས་ཡོད་པ་དང་ཧྲང་ཧའེ་ཕུའུ་ཏན་སློབ་ཆེན་གྱི་ཞོར་གཏོགས་སློབ་འབྲིང་སོགས་དཔེ་སྟོན་རང་བཞིན་གྱི་མཐོ་རིམ་སློབ་འབྲིང་༥༦གིས་བོད་ཀྱི་སློབ་མ་བསྡུ་བཞིན་ཡོད་པ་དང་། ཀོང་ཀྲོའུ་གྲོང་ཁྱེར་འཕྲོད་བསྟེན་སློབ་གྲྭ་སོགས་འབྲིང་རིམ་ཆེད་ལས་སློབ་གྲྭ་༤༤ཡིས་བོད་ཀྱི་འབྲིང་རིམ་ཆེད་ལས་འཛིན་གྲྭ་བཙུགས་ཡོད་པ། པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོགས་སློབ་ཆེན་༡༧༠ལྷག་ཙམ་གྱིས་ནང་སའི་བོད་ལྗོངས་འཛིན་གྲྭའི་སློབ་མ་བསྡུ་བཞིན་ཡོད་པ་བཅས་རེད།
         ༡༩༨༥ལོར་ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་འགོ་བཙུགས་པ་དང་འཛིན་གྲྭ་གཉེར་མཁན་ཞིང་ཆེན་དང་། རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་ཁག་གི་ཚད་མཐོའི་མཐོང་ཆེན་དང་རྒྱབ་སྐྱོར་ཐོབ་ནས་ཕན་འབྲས་ཆེན་པོ་ཐོན་ཡོད་པ་རེད། མིག་སྔའི་བར་ནང་སའི་བོད་ལྗོངས་འཛིན་གྲྭས་རིམ་རྩིས་ལྟར་ན་ཐེམ་ཐོ་བོད་ནས་ཡིན་པའི་དམའ་རིམ་སློབ་འབྲིང་གི་སློབ་མ་ཁྲི་༤.༣༢དང་མཐོ་རིམ་སློབ་འབྲིང་གི་སློབ་མ་ཁྲི་༢.༨༩བསྡུས་ཏེ་བོད་ལ་འབྲིང་རིམ་ཆེད་ལས་ཡན་གྱི་ཤེས་ལྡན་མི་སྣ་ཁྲི་༣ལྷག་ཙམ་གསོ་སྐྱོང་བྱས་ནས་བོད་ཀྱི་དེང་རབས་སློབ་གསོའི་མ་ལག་གི་གྲུབ་ཆ་གལ་ཆེན་དུ་འགྱུར་བ་བྱས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།