འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཧྲན་ཤིས་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་
    འཚོགས་ནས་ཀྲུང་དབྱང་གི་ཧྲན་ཤིས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་
    གོ་གནས་སྒྱུར་སྤོ་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 15:54】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཧྲན་ཤིས་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་
འཚོགས་ནས་ཀྲུང་དབྱང་གི་ཧྲན་ཤིས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་
གོ་གནས་སྒྱུར་སྤོ་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ།
        མི་དམངས་དྲ་བའི་འཕྲིན། ཟླ་༩ཚེས་༡ཉིན་ཧྲན་ཤིས་ཞིང་ཆེན་ཏང་ཨུས་ཞིང་ཆེན་ཡོངས་ཀྱི་འགོ་ཁྲིད་ལས་བྱེད་པའི་ཚོགས་ཆེན་འཚོགས་ནས་ ཀྲུང་དབྱང་གི་ཧྲན་ཤིས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་གོ་གནས་སྒྱུར་སྤོ་བྱ་རྒྱུའི་གཏན་འབེབས་ཁྱབ་བསྒྲགས་བྱས་པ་རེད། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ལས་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི་ལིའུ་ཡུན་ཧྲན་ཚོགས་འདུར་ཞུགས་པ་དང་འབྲེལ་གསུང་བཤད་གལ་ཆེན་གནང་། ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ནམ་ཀྲུང་དབྱང་ཧྲུའུ་ཅི་ཁྲུའི་ཧྲུའུ་ཅི། ཀྲུང་དབྱང་རྩ་འཛུགས་པུའི་པུའུ་ཀྲང་ཀྲའོ་ལེ་ཅིས་ཚོགས་འདུའི་ཐོག་བློ་མཐུན་ཝང་རུའུ་ལེན་ཧྲན་ཤིས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ནམ་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་ལ་བསྐོ་བཞག་བྱ་རྒྱུ་དང་། བློ་མཐུན་ཡོན་ཁྲུང་ཆིང་གིས་ཧྲན་ཤིས་ཞིང་ཆེན་ཏང་ཨུའི་ཨུ་ཡོན་ནམ་རྒྱུན་ལས་ཨུ་ཡོན། ཧྲུའུ་ཅི་བཅས་གྱི་འགན་འཁུར་རྒྱུ་མིན་པར། ལས་གནས་གཞན་འཁུར་རྒྱུ་ཡིན་པ་ཁྱབ་བསྒྲགས་བྱས་པ་རེད། 
        ལིའུ་ཡུན་ཧྲན་གྱིས་ཐེངས་འདིའི་ཧྲན་ཤིས་ཞིང་ཆེན་ཏང་ཨུའི་འགོ་ཁྲིད་གཙོ་བོའི་ལས་གནས་སྒྱུར་སྤོ་བྱས་པ་འདི་ནི་ཀྲུང་དབྱང་གིས་ཕྱོགས་ཆེ་སར་དམིགས་ནས་ལས་གནས་ཀྱི་དགོས་མཁོ་དང་ལས་བྱེད་ཕན་ཚུན་བར་བསམ་བློ་བརྗེ་རེས་བྱེད་པའི་དགོས་མཁོ། ཧྲན་ཤིས་ཞིང་ཆེན་གྱི་འགོ་ཁྲིད་ཚན་པ་འཛུགས་སྐྱོང་བཅས་ཀྱི་དངོས་ཡོད་གནས་ཚུལ་བཅས་གཞིར་བཟུང་ནས་ཏན་ཏན་ཏིག་ཏིག་གིས་ཞིབ་འཇུག་དང་ཐག་གཅོད་བྱས་པ་ཞིག་ཡིན་ཞེས་གསུངས།
      

    ཕྱོགས་བསྡུས་གསར་འགྱུར།