འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་ཀྱིས་མ་འོངས་པའི་ལོ་བཞིའི་རིང་བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ལག་
    རྩལ་ཤེས་ལྡན་མི་སྣ་༥༠༠ལ་ཉེ་བ་གསོ་སྐྱོང་བྱ་རྒྱུའི་འཆར་གཞི་བཀོད་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 11:41】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༧ཉིན་མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡིས་བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་དང་མཉམ་དུ་སི་ཁྲོན་ཞིང་ཆེན་ཁྲིན་ཏུའུ་གྲོང་ཁྱེར་དུ་ཁག་གཉིས་པའི་བོད་ལྗོངས་ཀྱི་གྲངས་ཉུང་མི་རིཊ་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་དམིགས་བསལ་གསོ་སྐྱོང་ལས་དོན་སྤེལ་འགོ་ཚུཊ་པའི་སྐུལ་སློང་ཚོགས་འདུ་འཚོཊ་པ་རེད།
         མི་ཤུགས་ཐོན་ཁུངས་དང་སྤྱི་ཚོགས་འགན་སྲུང་པུའུ་ཡི་པུའུ་ཀྲང་ཝང་ཞའོ་ཁྲུའུ་ཡིས་༢༠༡༤ལོ་ནས་༢༠༡༨ལོའི་བར་དུ་ལོ་རེར་བོད་ལྗོངས་ལ་གྲངས་ཉུང་མི་རིགས་ཀྱི་ཆེད་ལས་ལག་རྩལ་ཤེས་ལྡན་མི་སྣ་༡༢༠རེ་གསོ་སྐྱོང་བྱ་རྒྱུ་དང་། ལོ་རེར་ཆེད་མཁས་པ་ཁག་ཅིག་སྒྲིག་འཛུགས་བྱས་ཏེ་ཞབས་ཞུ་ཚོགས་པའི་བྱེད་སྒོ་ཐེངས་རེ་སྤེལ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།