འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 09ཚེས་02ཉིན། 11:37】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།
         མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༩ཉིན་སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་དེ་ལྷོ་ཁ་ས་ཁུལ་རྩེད་ཐང་གྲོང་རྡལ་དུ་འགྲན་བསྡུར་བྱེད་འགོ་ཚུགས་པ་དང་། འགྲན་ཚོགས་ཁྲོད་བོད་པའི་སྲོལ་རྒྱུན་གྱི་ཤོ་དང་སྐྱིད་རུམ་སོགས་རིག་སྟོབས་འགྲན་བསྡུར་རྣམ་གྲངས་དག་སྐབས་འདིའི་འགྲན་ཚོགས་ཀྱི་གསར་གཏོད་རྣམ་གྲངས་དང་བཀྲག་མདངས་འཚེར་སར་གྱུར་པ་རེད།
         རྒྱུས་ལོན་བྱུང་བ་ལྟར་ན། འགྲན་ཚོགས་སུ་ཞུགས་པའི་བོད་ལྗོངས་ཡོངས་ཀྱི་འཐུས་ཚབ་རུ་ཁག་༡༢དང་། ལུས་རྩལ་པ་༨༤༣རྣམས་འགྲན་བསྡུར་རྣམ་གྲངས་ཆེ་གྲས་༡༠དང་རྣམ་གྲངས་ཆུང་གྲས་56གི་འགྲན་བསྡུར་ལ་ཞུགས་རྒྱུ་ཡིན་ཞིང་། འགྲན་བསྡུར་ལ་ཞུགས་པའི་མི་གྲངས་ཁྱོན་བསྡོམས་༡༠༦༩ཡོད་པས། སྐབས་སྔོན་མའི་ལུས་རྩལ་འགྲན་ཚོགས་ལས་གཞི་ཁྱོན་ཧ་ཅང་ཆེ་བ་རེད།
    ༄༅།།སྐབས་བཅུ་གཅིག་པའི་བོད་རང་སྐྱོང་ལྗོངས་ཡོངས་ཀྱི་ལུས་རྩལ་འགྲན་ཚོགས་འགོ་ཚུགས་པ།
      

    ཕྱོགས་བསྡུས་གསར་འགྱུར།