འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་སྐྱོར་ལོ་ངོ་༢༠རིང་བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་28ཉིན། 13:46】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        བོད་ལྗོངས་སུ་ཁ་གཏད་རོགས་སྐྱོར་བྱས་ནས་ལོ་ངོ་༢༠སོང་རིང་། ཀྲུང་དབྱང་གིས་ཤེས་ལྡན་པའི་བོད་སྐྱོར་དང་ནོར་ཤུགས་བོད་སྐྱོར། ཁ་གཏད་བོད་སྐྱོར། ཁ་ཕྱོགས་གཏན་འཁེལ་བོད་སྐྱོར། ནང་སར་སློབ་གྲྭ་གཉེར་བ་སོགས་སྲིད་ཇུས་བྱ་ཐབས་བཟུང་བས། བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་མྱུར་པོ་འགྲོ་རྒྱུར་སྐུལ་སྤེལ་དང་འདེགས་སྐྱོར་ཐུབ་པ་དང་། བོད་ལྗོངས་ཀྱི་སློབ་གསོའི་བྱ་གཞག་ལ་མཆོངས་བརྒལ་གསར་པ་བྱུང་ནས། གོང་འཕེལ་གྱི་དུས་རིམ་གསར་པ་ཞིག་ཏུ་སླེབས་ཡོད་པ་རེད།
        བོད་ལྗོངས་ནག་ཆུ་ས་ཁུལ་དུ་ཆ་སྙོམས་མཐོ་ཚད་རྒྱ་མཚོའི་ངོས་ལས་སྤྱི་ཁྲེ་༤༥༠༠ཡས་མས་ཡོད་པ་དང་དེ་ནི་བོད་ཀྱི་གནམ་གཤིས་ཆ་རྐྱེན་སྡུག་ཤོས་ཀྱི་ས་ཁུལ་གྲས་ཤིག་ཡིན། འོན་ཀྱང་སྤུས་ལེགས་ཀྱི་སློབ་གཉེར་ཆ་རྐྱེན་ཚང་བའི་ཀྲེ་ཅང་སློབ་འབྲིང་དེ་བོད་ཀྱི་བྱང་རྩྭ་ཐང་ཐོག་བཙུགས་པ་དང་ས་གནས་དེ་གའི་མང་ཚོགས་ནས་ཡོངས་ཁྱབ་ཏུ་བསྔགས་བརྗོད་བྱེད་ཀྱི་ཡོད། ནག་ཆུའི་ཀྲེ་ཅང་སློབ་འབྲིང་ནི་ཀྲེ་ཅང་ཞིང་ཆེན་གྱིས་མ་འཇོག་རོགས་སྐྲུན་བྱས་པའི་དམའ་རིམ་སློབ་འབྲིང་ཞིག་ཡིན་ཅིང་། ཁྱོན་མ་དངུལ་སྒོར་བྱེ་བ་༧དང་ས་ཡ་༦བཏང་བ་དང་། སློབ་རའི་འཛུགས་སྐྲུན་དེ་ནང་སའི་སློབ་གྲྭ་དང་གཅིག་མཚུངས་ཡིན་པ་རེད།
        མིག་སྔར། བོད་ལྗོངས་ས་གནས་ཁག་ཚང་མར་ནང་སས་རོགས་སྐྲུན་བྱས་པའི་སློབ་གྲྭ་ཡོད་པ་དང་། ད་ལོའི་ཟླ་དགུ་པར་པེ་ཅིན་དང་ཀྲེ་ཅང་གིས་ཁག་སོ་སོར་མ་འཇོག་སྒོར་དུང་ཕྱུར་གཉིས་ལྷག་བྱས་ནས་བསྐྲུན་པའི་པེ་ཅིན་ཚོད་ལྟའི་སློབ་འབྲིང་དང་ལྷ་སའི་ཅང་སུའི་ཚོད་ལྟའི་སློབ་འབྲིང་ལ་དམའ་རིམ་དང་མཐོ་རིམ་སློབ་འབྲིང་གི་སློབ་མ་༣༠༠༠ལྷག་འབྱོར་རྒྱུ་ཡིན་ཅིང་། དེའི་དམིགས་ཡུལ་ནི་བོད་ལྗོངས་སུ་ནང་སའི་བོད་ལྗོངས་འཛིན་གྲྭ་གཉེར་ཆེད་ཡིན་པ་རེད། བོད་སྐྱོར་བྱས་ནས་ལོ་ངོ་༢༠སོང་རིང་། བོད་ཀྱི་སློབ་གསོའི་བྱ་གཞག་གོང་འཕེལ་མྱུར་པོ་བྱུང་བ་དང་། ཐོག་མའི་ཆ་ནས་ཀྲུང་གོའི་ཁྱད་ཆོས་ལྡན་པ་དང་བོད་ཀྱི་ཁྱད་ཆོས་ལྡན་པའི་དེང་རབས་སློབ་གསོའི་མ་ལག་ཅིག་ཆགས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།