འཚོལ་བཤེར།   
藏文频道
2014ལོའི་ཟླ་9ཚེས་2ཉིན།
  • མི་དམངས་དྲ་བ།>>ཞིས་ཅིན་ཕིང་།4

    ༄༅།།ཞིས་ཅིན་ཕིང་གིས་ལན་ཁའོ་རྫོང་ཏང་ཨུ་དང་ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་
    ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ། 

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་28ཉིན། 11:20】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ལན་ཁའོ་རྫོང་ཏང་ཨུ་དང་ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་
ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་ཚུལ་གྱི་སྙན་སེང་ལ་གསན་པ།
        ཟླ་༨ཚེས་༢༧ཉིན་ཀྲུང་གུང་ཀྲུང་དབྱང་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུའི་ཀྲུའུ་ཞི་བཅས་ཡིན་པའི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ལན་ཁའོ་རྫོང་ཏང་ཨུ་དང་ཧོ་ནན་ཞིང་ཆེན་ཏང་ཨུའི་ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་ཚུལ་གྱི་སྙན་སེང་ལ་གསན་རྗེས། ཁོང་གིས་ཏང་གི་ཚོགས་ཆེན་ཐེངས་བཅོ་བརྒྱད་པ་འཚོགས་པ་ནས་བཟུང་ཏང་ཀྲུང་དབྱང་གིས་"སྲོལ་ངན་བཞི་"དག་ཐེར་བཅོས་སྐྱོང་བྱ་རྒྱུའི་གནད་དོན་དམ་འཛིན་འབུར་ཐོན་བྱས་ཏེ་གཞི་སྒྱུར་རྩ་སྒྱུར་དང་སྲོལ་རྒྱུན་དར་སྤེལ་གྱི་ལས་དོན་སྤེལ་བ་ཡིན། ཏང་སྲོལ་དང་སྲིད་སྲོལ་ལེགས་བཅོས་བྱ་རྒྱུར་འགོ་ལེགས་པོ་ཞིག་བཙུགས་ཡོད་མོད། འོན་ཀྱང་ཀུན་སྤྱོད་ལེགས་འགྱུར་བྱ་རྒྱུའི་ཕུགས་བསམ་དང་བསྡུར་ན་ད་དུང་ཧེ་བག་ཡོད་པ་རེད། ཏང་གི་མང་ཚོགས་ལམ་ཕྱོགས་སྐོར་གྱི་སློབ་གསོ་དང་ལག་ལེན་བྱེད་སྒོའི་སྤེལ་རིང་འདིའི་ལས་དོན་ལེགས་པར་བསྒྲུབ་རྒྱུ་ནི་གནད་འགག་ཧ་ཅང་ཆེ་བ་ཡིན་པས། ངེས་པར་དུ་འགོ་མཇུག་བར་གསུམ་ལེགས་སྤེལ་དང་། རྒྱུན་འཁྱོངས་ལྷོད་མེད། འགོ་ལེགས་འཛུགས་ཤིང་མཇུག་ཀྱང་ལེགས་སྒྲིལ་བཅས་བྱས་ཏེ་བྱེད་སྒོར་ཕན་འབྲས་དངོས་ཐོབ་པར་འགན་ལེན་ཏན་ཏིག་བྱ་དགོས། སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་རྒྱུར་དུས་བཀག་ཡོད་རུང་། ཀུན་སྤྱོད་ལེགས་འགྱུར་བྱེད་ཤུགས་ཆེ་རུ་གཏོང་མཚམས་འཇོག་མི་རུང་། ཀུན་སྤྱོད་ཐད་གནས་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་རྩ་བ་ནི་རྒྱུན་འཁྱོངས་ལྷོད་མེད་ཀྱིས་རྟག་པར་དམ་འཛིན་དང་། དམ་འཛིན་ཞིབ་ཕྲ། ཡུན་རིང་དམ་འཛིན་བཅས་བྱ་རྒྱུར་བརྟེན་དགོས་ཞེས་ནན་བཤད་གནང་བ་རེད།
        ཞིས་ཅིན་ཕིང་གིས་ཏང་ཡོངས་སུ་སློབ་གསོ་དང་ལག་ལེན་བྱེད་སྒོ་སྤེལ་བའི་སྤྱི་ཡོངས་ཀྱི་གནས་བབ་ལེགས་པོ་ཡིན་ཞིང་། རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པ་རྣམས་ཀྱིས་ངོས་འཛིན་ཡང་དག་པ་དང་། སྤྱོད་ཚུལ་ནན་ཏན་འཛིན་པ། བྱ་སྤྱོད་མཐའ་གཅིག་ཏུ་སྤེལ་བ་བཅས་ཀྱི་སྒོ་ནས་"སྲོལ་ངན་བཞི་"ཡི་གནད་དོན་ཐག་གཅོད་བྱེད་པར་ཕན་འབྲས་ཏན་ཏན་ཏིག་ཏིག་ཐོབ་པ་རེད། དེ་དང་དུས་མཚུངས་སུ་ང་ཚོས་རིག་པ་དྭངས་གསལ་བྱ་དགོས་ལས། གྲུབ་འབྲས་ཐོབ་པའི་རྐྱེན་གྱིས་བློ་ཚིམ་ཡིད་སྤྲོ་དང་། གནས་པའི་སྐྱོན་དང་ནོར་འཁྲུལ་མི་མཐོང་བའམ་མཐོང་ཆེན་བྱེད་ཤུགས་མི་འདང་བ་བཅས་བྱ་མི་རུང་། རྒྱུན་འཁྱོངས་ལྷོད་མེད་ཀྱིས་ཀུན་སྤྱོད་སྐོར་གྱི་སློབ་གསོ་སྤེལ་བ་དང་། ཐོག་མཐའ་བར་གསུམ་དུ་ཀུན་སྤྱོད་ལེགས་འགྱུར་གྱི་ལས་དོན་དམ་འཛིན་བྱ་དགོས་ཤིང་། ཀུན་སྤྱོད་བཟང་བ་རྣམས་ང་རྒྱལ་དང་འཚབ་འཚུབ་མེད་པར་སྔར་མུས་བཞིན་རྒྱུན་འཁྱོངས་བྱ་དགོས་པ་དང་། ཀུན་སྤྱོད་ཐད་མི་འདང་བ་ཡོད་མཁན་རྣམས་ཀྱིས་ན་ཟུག་རྒྱག་པར་མི་སྐྲག་པར་སྔ་སྐྱོན་ཕྱི་བཅོས་ནན་ཏན་བྱ་དགོས་པ་མ་ཟད། སྐྱོན་དང་ནོར་འཁྲུལ་བསྐྱར་དུ་མི་ཤོར་བར་བྱ་དགོས། སྟབས་ལེགས་ཡོང་རེ་བྱེད་པ་དང་རླུང་འཚུབ་ཐེངས་གཅིག་རྒྱག་པ་ལྟར་གྱི་རེ་བ་བྱེད་མཁན་རྣམས་ལ་བསམ་བློའི་སློབ་གསོ་དང་སྣེ་ཁྲིད་བྱེད་ཤུགས་ཆེ་རུ་བཏང་ནས་ཁོ་ཚོར་སྟོང་བསམ་རྒྱབ་ཏུ་བསྐྱུར་ཏེ་རང་རྟོགས་ཀྱི་སྒོ་ནས་ལམ་ནོར་ལྡོག་ཤེས་བྱེད་དུ་འཇུག་དགོས་ལས། ཁོ་ཚོ་བསམ་ཚུལ་དང་སྤྱོད་ཚུལ་ནོར་འཁྲུལ་ཅན་གྱི་ལམ་ཐོག་ཇེ་རིང་དུ་ལྷུང་བར་བྱ་མི་རིང་ཞེས་ནན་བཤད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།