འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་28ཉིན། 11:18】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། ཟླ་༨ཚེས་༢༧ཉིན་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་རྒྱུན་ལས་ཚོགས་འདུར་གཙོ་སྐྱོང་གནང་ཞིང་། ཚོགས་འདུའི་ཐོག་ཚོང་ལས་ཀྱི་སྐྱོན་བྲལ་འགན་བཅོལ་འཕེལ་རྒྱས་གང་མགྱོགས་གཏོང་རྒྱུ་དང་། སྨན་བཅོས་བཅོས་བསྒྱུར་ལ་རོགས་སྐྱོར་ཤུགས་ཆེན་བྱས་ཏེ་མང་ཚོགས་ཀྱི་སྨན་བཅོས་འགན་སྲུང་ཆུ་ཚད་མཐོ་རུ་གཏོང་རྒྱུ་གཏན་འབེབས་དང་། སྒྲིག་གཞི་ལེགས་སྒྲིག་གིས་འཕེལ་རྒྱས་ལ་སྐུལ་སྤེལ་དང་རིམ་སྤར་ལ་སྐུལ་འདེད་གཏོང་ཆེད་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་གྱི་རྒན་གསོའི་ཞབས་ཞུར་སྐུལ་སྤེལ་གཏོང་རྒྱུ་ལ་སོགས་པའི་གལ་ཆེའི་ལས་གཞི་འཛུགས་སྐྲུན་བཀོད་སྒྲིག  སྲིད་གཞུང་དོ་དམ་བྱེད་སྟངས་བསྒྱུར་བཅོས་དང་གསར་གཏོད་བྱེད་ཆེད་སྲིད་ཇུས་དང་བྱ་ཐབས་དོན་ཐོག་ཏུ་འཁྱོལ་བའི་སྐོར་ཕྱོགས་གསུམ་པས་དཔྱད་དཔོག་སྙན་སེང་ཞུ་བ་ཉན་ལེན་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།