འཚོལ་བཤེར།   
藏文频道
2014ལོའི་ཟླ་8ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཁབ་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་མིག་སྔར་རང་རྒྱལ་དུ་ཨེ་པོ་ལའི་
    ནད་དུག་འགོས་པའི་ནད་དཔེ་ཐོན་མེད་ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 08ཚེས་28ཉིན། 13:45】   (རྩོམ་སྒྲིག་འགན་འཁུར་པ།ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༢༦ཉིན། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས། ལི་པི་ཡ་ནས་པེ་ཅིང་དུ་ལོག་པའི་མི་ཞིག་ལ་ཨེ་པོ་ལའི་ནད་དུག་ཕོག་པའི་ནད་རྟགས་བཅད་པ་ནི་གནས་ཚུལ་དངོས་ཡིན་པ་དང་། ནད་པ་དེར་ཨེ་པོ་ལའི་ནད་དུག་འགོས་མེད་པ་གཏན་འཁེལ་བྱུང་བ་ར་སྤྲོད་བྱས་པ་དང་། རང་རྒྱལ་དུ་མིག་སྔར་ཨེ་པོ་ལའི་ནད་དུག་ཕོག་པའི་ནད་རྟགས་ཐོན་པའམ་ནད་དེ་ཕོག་པའི་ནད་དཔེ་སྙན་ཞུ་བྱེད་མཁན་བྱུང་མེད་ཅེས་གསུངས་ཡོད་པ་རེད།
        སྤྱི་ཚེས་༢༦ཉིན། གནས་ཚུལ་སྤེལ་བའི་ནང་། པེ་ཅིང་གི་ཀྲུང་གོའི་མ་འཇོག་ལས་ཁུངས་ཀྱི་སྐད་སྒྱུར་ཞིག་སྤྱི་ཚེས་༢༤ཉིན་ལི་པི་ཡ་ནས་པེ་ཅིང་ལོག་སྟེ་ཁྱིམ་དུ་འབྱོར་རྗེས་། སྐྱུག་པ་སྐྱུགས་པ་དང་། ཚ་བ་རྒྱས་པའི་ནད་རྟགས་ཐོན་པ་དང་། སྨན་ཁང་གིས་ནད་པ་དེ་ཨེ་པོ་ལའི་ནད་དུག་ཕོག་པའི་ལྟ་ཞིབ་བྱ་ཡུལ་ནད་དཔེར་གཏན་འཁེལ་བྱས་པ་མ་ཟད། ཏིད་ཐན་སྨན་ཁང་ལ་ནད་དཔྱད་སྨན་བཅོས་བྱེད་པར་སྐྱེལ་ཡོད་ཅེས་འཁོད་ཡོད་པ་རེད། དེའི་ཐད། རྒྱལ་ཁབ་འཕྲོད་བསྟེན་དང་འཆར་ལྡན་བུ་བཙའ་ཨུ་ཡོན་ལྷན་ཁང་གིས་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པར་གནས་ཚུལ་དེ་དངོས་ཡིན་པ་བདེན་དཔང་བྱས་པ་དང་། མིག་སྔར་ནད་པ་དེར་ཨེ་པོ་ལའི་ནད་དུག་འགོས་མེད་པ་གཏན་འཁེལ་བྱུང་ཟིན་པ་དང་། རང་རྒྱལ་དུ་མིག་སྔའི་བར་ཨེ་པོ་ལའི་ནད་རྟགས་ཐོན་པའམ་ནད་དེ་ཕོག་པའི་ནད་བརྟག་བཅད་པའི་ནད་དཔེའི་སྙན་ཞུ་འབྱོར་མེད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།