འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།>>འཕྲིན་གསར་གཡུ་ཡི་མེ་ལོང་།

    ༄༅།།ཀན་ལྷོའི་སྙན་ངག་པ་བཀྲ་ཤིས་ཚེ་རིང་ལ་སྐབས་བཞི་བའི"ཁྲེ་རྒོད་དམར་པོའི་སྙན་ངག་
    བྱ་དགའ"ཐོབ་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 10:15】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཀྲུང་གོའི་ཁྲེ་རྒོད་དམར་པོ་སྙན་ངག་བྱ་དགའ་ནི《སྙན་འཚོལ》རྩོམ་སྒྲིག་པུའུ་དང་ཀའོ་སྨི་གྲོང་ཁྱེར་མི་དམངས་སྲིད་གཞུང་གིས་བཙུགས་པའི་སྙན་ངག་གི་བྱ་དགའ་མཐོ་གྲས་ཤིག་ཡིན། ༢༠༡༤ ལོའི་སྐབས་བཞི་བའི་ཀྲུང་གོའི་ཁྲེ་རྒོད་དམར་པོ་སྙན་ངག་གཞུང་སྒྲུབ་ཁང་ལ་རྒྱལ་ཡོངས་ས་གནས་སོ་སོ་ནས་སྙན་ངག ༤༠༠༠༠ ལྷག་བསྐུར་འོངས་ཤིང་། རྩ་བའི་ཆ་ནས་རྒྱལ་ཡོངས་ཀྱི་སྙན་ངག་ཁྱབ་ཁོངས་སོ་སོ་འདུས་ཡོད། ཀྲུང་གོའི་སྙན་ངག་ཆེད་མཁས་པ་རྣམས་ཀྱིས་གྲུབ་པའི་དཔྱད་འདེམས་ཚོགས་པས་གཟབ་ནན་གྱི་རྣམ་འགྱུར་བཟུང་ནས་དཔྱད་འདེམས་བྱས་མཐར། བཀྲ་ཤིས་ཚེ་རིང་དང་ལིག་ཉན་སོགས་ན་གཞོན་སྙན་ངག་པ་ལྔ་ལ་ཐེངས་འདིའི་བྱ་དགའ་ཐོབ་པ་རེད།
          སྐབས་བཞི་བའི་ཀྲུང་གོའི་ཁྲེ་རྒོད་དམར་པོའི་སྙན་ངག་བྱ་དགའི་དཔྱད་འདེམས་པས་བཀྲ་ཤིས་ཚེ་རིང་ལ་གནང་བའི་བྱ་དགའི་གསུང་ཚིག་ནི་སྙན་ངག་པ་བཀྲ་ཤིས་ཚེ་རིང་གིས་སྙན་ངག་གི་ཁྲོད་ནས་ང་ཚོར་མེས་པོ་རྣམས་འཚོ་སྡོད་བྱས་པའི་མཁར་གྲོང་ཆུང་ཆུང་དེ་བསྟན་པར་བྱེད། ཏོ་ཧི་གཙང་པོ་ནི་ང་ཚོ་བརྒྱུད་མྱོང་བའི་ལོ་ཟླ་དང་འཚོ་བ་བཞིན་དུས་བཞིར་རྟག་ཏུ་འབབ། སྙན་ངག་པ་བཀྲ་ཤིས་ཚེ་རིང་གི་སྙན་ངག་ཁྲོད་མངོན་པའི་དྭངས་གཙང་ལྷད་མེད་དང་སྣ་མང་ཕུན་སུམ་ཚོགས་པའི་ཀན་ལྷོའི་བོད་ཀྱི་རིག་གནས་བཅས་ཀྱི་སླད་དུ། སྐབས་བཞི་བའི"ཁྲེ་རྒོད་དམར་པོའི་སྙན་ངག་བྱ་དགའ"དམིགས་བསལ་གྱིས་གནང་བ་ལགས།
         བཀྲ་ཤིས་ཚེ་རིང་ནི་ལོ་རབས ༧༠ པའི་རྗེས་ཀྱི་སྙན་ངག་པ་ཡིན་ལ། ལུའུ་ཞུན་རྩོམ་རིག་གླིང་གི་སྐབས་བཞི་བའི་གྲངས་ཉུང་མི་རིགས་གསོ་སྦྱོང་འཛིན་གྲྭའི་སློབ་མ་དང་། ཀན་སུའུ་ཞིང་ཆེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཚོགས་མི། ཀན་ལྷོ་ཁུལ་རྩོམ་པ་པོའི་མཐུན་ཚོགས་ཀྱི་ཀྲུའུ་ཞི་གཞོན་པ་བཅས་ཡིན། མིག་སྔར《སྙན་དེབ》དང་《ཟླ་བཅུ་བ》།  《རྒྱུ་སྐར》དང་《སྙན་ངག་བདམས་དེབ》སོགས་རྒྱལ་ནང་གི་དུས་དེབ་དང་ཚགས་པར་གྱི་སྟེང་དུ་རྩོམ་རིག་བརྩམས་ཆོས་ཡིག་འབྲུ་ཁྲི་༥༠ལྷག་སྤེལ་མྱོང་། སྔར"སྙན་ལྷའི་བུམ་པའི"སྙན་ངག་བྱ་དགའ་དང་། ཀན་སུའུ་ཞིང་ཆེན་སྐབས་བཞི་བའི་ཏུན་ཧོང་རིག་རྩལ་བྱ་དགའ། ཀན་སུའུ་ཞིང་ཆེན་གྲངས་ཉུང་མི་རིགས་རྩོམ་རིག་གསར་རྩོམ་བྱ་དགའ།   《མཁའ་སྙེགས》ལོ་བཅུའི་རྩོམ་རིག་བྱ་དགའ།  《བོད་ལྗོངས་རྩོམ་རིག》བརྩམས་ཆོས་བྱ་དགའ་སོགས་ཐོབ་མྱོང་། བརྩམས་ཆོས་མང་དག་ཅིག་བདམས་བཀོད་བྱས་ཏེ། སྙན་ཚོམ་དེབ་གཉིས་པར་དུ་བསྐྲུན་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།