འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་༡༡པ་ནས་བཟུང་ལོ་རྒྱུས་ཀྱི་བཟོ་བཀོད་དང་སྤྱི་གླིང་སོགས་སུ་སྒེར་གཉེར་རོལ་རྩེད་
    ཁང་བཙུགས་མི་ཆོག་པའི་བརྡ་སྦྱོར་བཏང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 14:05】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༧ཉིན་ཀྲུང་གུང་ཀྲུང་དབྱང་གཞུང་ལས་ཐིང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གཞུང་ལས་ཐིང་གཉིས་ཀྱིས་སྡོད་ཁང་དང་གྲོང་ཁྱེར་གྲོང་གསེབ་འཛུགས་སྐྲུན་པུའུ་ལ་སོགས་པའི་སྡེ་ཁག་བཅུས་འདི་ལོའི་ཟླ་༡༡ཚེས་༡ཉིན་ནས་བཟུང་ལོ་རྒྱུས་བཟོ་བཀོད་དང་སྤྱི་གླིང་སོགས་སྤྱི་པའི་ཐོན་ཁུངས་སུ་སྒེར་བཙུགས་དང་། བོགས་མ་གཏོང་ལེན། གཉེར་འགན་གཙང་ལེན། བཤུག་སྤྲོད། གཡར་གཏོང་། གཏའ་འཇོག  གཙང་ཉོ། མ་དངུལ་མཉམ་བསྡུས། མཉམ་ལས་སོགས་ཀྱི་བྱ་ཐབས་ཐོག་ནས་སྒེར་གཉེར་རོལ་རྩེད་ཁང་འཛུགས་གཉེར་བྱེད་པར་གཏན་འགོག་བྱ་རྒྱུའི་བརྡ་སྦྱོར་བརྒྱུད་སྤེལ་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།