འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཟླ་དགུ་པར་མི་སྣ་༨༡༥༧ཡིས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་
    དང་འགལ་བས་ཆད་པ་ཕོག་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་28ཉིན། 14:03】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༠ཚེས་༢༧ཉིན་ཀྲུང་དབྱང་སྒྲིག་ཁྲིམས་ཞིབ་བཤེར་ཨུ་ལྷན་གྱི་ལྟ་ཞིབ་པུའི་དྲ་ཚིགས་སུ་སྤེལ་བའི་གཞི་གྲངས་ལྟར་ན། འདི་ལོའི་ཟླ་དགུ་བར་རྒྱལ་ཡོངས་ནས་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་༦༠༥༥ལྷག་ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི་༨༡༥༧ལྷག་ལ་ཆད་པ་ཕོག་པ་དང་། དེའི་ཁྲོད་ཀྱི་མི་༢༦༡༢ལྷག་ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་གཞུང་གི་སྒྲིག་ཁྲིམས་ལས་འགལ་བའི་ཆད་པ་ཕོག་པ་རེད།
         ཟླ་༩ཚེས་༣༠ཉིན་གྱི་བར་དུ་རྒྱལ་ཡོངས་ནས་ཁྱོན་བསྡོམས་ཀྲུང་དབྱང་གི་གཏན་འབེབས་བརྒྱད་ཀྱི་དགོངས་དོན་དང་འགལ་བའི་གནད་དོན་༦༢༤༠༤ཞིབ་བཤེར་ཐག་གཅོད་བྱས་ཤིང་། མི་༨༢༥༣༣ལ་ཆད་པ་ཕོག་པ་དང་། མི་༢༣༢༥༩ལ་ཏང་གི་སྒྲིག་ཁྲིམས་དང་སྲིད་གཞུང་གི་སྒྲིག་ཁྲིམས་ལས་འགལ་བའི་ཆད་པ་ཕོག་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།