མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་
སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་06ཉིན། 12:41】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་བཞིན་པ།

ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་ཤིང་། འདི་ནི་ཞི་ཅིན་ཕིང་གིས་ཤིས་ཚིག་གསུང་བཞིན་པ།

     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་4ཉིན་གློག་འཕྲིན་འབྱོར་གསལ། ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་ཕེབས་བསུ་ཞུས་པ་རེད། 
     ལོ་ངོ་བརྒྱ་ཙམ་གྱི་ལོ་རྒྱུས་ལྡན་པའི་ཞི་བདེ་གསོལ་མགྲོན་ཁང་དང་བསྐྲུན་ནས་ལོ་ངོ་30ཙམ་ཡང་མ་སོང་བའི་ལུའུ་ཅ་ཙུའེ་དངུལ་རྩ་ལྟེ་གནས་གཉིས་ཕན་ཚུན་མཛེས་སྡུག་འགྲན་པ་ལྟར་སྣང་བ་དང་ཐུན་མོང་ཐོག་ཧྲང་ཧའེ་ཡི་འཕེལ་རྒྱས་འགྱུར་ལྡོག་དང་ཀྲུང་གོའི་སྒོ་དབྱེའི་ལོ་རྒྱུས་འཕེལ་རིམ་གྱི་དཔང་པོ་བྱས་ཡོད་པ་རེད། 
     དགོང་མོའི་ཆུ་ཚོད་6པ་ཙམ་ལ། ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་སྟངས་དཔྱལ་དང་། ཅ་མེ་ཁའི་ཙུང་ལི་ཧོར་ཉི་སི་སྟངས་དཔྱལ། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་སྟངས་དཔྱལ། སར་པི་ཡའི་ཙུང་ལི་པུར་ན་པི་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་གཅིག་མཇུག་གཉིས་མཐུད་ངང་ཕེབས་འབྱོར་ཟིན་པ་དང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཁོང་རྣམ་པ་དང་མཛའ་བརྩེའི་ངང་གླེང་མོལ་གནང་བ་དང་ཆབས་ཅིག་ལྷན་བཞུགས་སྐུ་པར་ཡང་བསྒྲོན་པ་རེད། 
     དགོང་མོའི་ཆུ་ཚོད་7པ་ཙམ་ལ། གསོལ་སྟོན་འགོ་ཚུགས་པ་དང་། ཞི་ཅིན་ཕིང་གིས་ཤིས་ཚིག་གསུངས་ནས་ཀྲུང་གོ་སྲིད་གཞུང་དང་མི་དམངས་ཀྱི་ཚབ་ཞུས་ཏེ་རྒྱལ་ཁབ་ཁག་གི་འགོ་ཁྲིད་མི་སྣ་དང་སྐུ་མགྲོན་རྣམ་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་ཞུས་པ་རེད། 
     ཞི་ཅིན་ཕིང་གིས་ཉེ་ལམ་ལོ་ཤས་རིང་། ཧྲང་ཧའེ་ལ“འབྲི་ཆུ་དང་རྒྱ་མཚོ་སྦྲེལ་བའི་གྲུ་ཁ་གལ་ཆེན་དང་། ཤར་ལྷོའི་རྒྱུད་ཀྱི་གྲོང་ཁྱེར་ཆེ་མོའི”མཚན་སྙན་ཡོད་པ་དང་། ཀྲུང་གོའི་སྒོ་དབྱེའི་སྲོལ་ལམ་གྱི་སྣེ་ཁྲིད་དེ་ཉེ་བའི་ལོ་བཅུ་ཕྲག་ཁ་ཤས་རིང་རྒྱལ་སྤྱི་ཅན་གྱི་གྲོང་ཁྱེར་ཆེན་པོ་ཞིག་ཏུ་དེ་བས་གྱུར་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་ངོ་70འཁོར་བ་དང་ལྷག་དོན་དུ་སྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ་40ལྷག་ཙམ་སོང་ཚུན། ཀྲུང་གོར་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་ཁུར་བྱེད་པའི་གྲུབ་འབྲས་ཐོབ་ནས་ཀྲུང་ཧྭའི་ས་གཞི་ཆེ་མོར་འཕོ་འགྱུར་ཧ་ཅང་ཆེན་པོ་བྱུང་ཡོད། ཀྲུང་གོའི་འཕེལ་རྒྱས་ཀྱི་ལོ་རྒྱུས་འཕེལ་རིམ་ཐོག་ནས་འཛམ་གླིང་ཡག་པོ་བྱུང་ན་གཞི་ནས་ཀྲུང་གོ་ཡག་པོ་ཡོང་བ་དང་། ཀྲུང་གོ་ཡག་པོ་བྱུང་ན་གཞི་ནས་འཛམ་གླིང་དེ་བས་ཡག་པོ་ཡོང་ལུགས་ང་ཚོར་མྱོང་ཚོར་ཟབ་མོ་བྱུང་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་དུས་ཚོད་ཐུང་ངུའི་ནང་མེད་པ་ནས་ཡོད་པའི་བར་རྒྱ་སྟོབས་ཆེ་རུ་ཕྱིན་ནས། འཛམ་གླིང་རྒྱལ་ཁབ་ཁག་དང་ཁེ་ལས་རྒྱ་ཁྱབ་ངང་ཞུགས་རྒྱུའི་ཡིད་དབང་མགྱོགས་མྱུར་འཕྲོག་སྟེ་གོ་ལ་ཧྲིལ་པོའི་ཚོང་དོན་འཕེལ་རྒྱས་ལོ་རྒྱུས་ཐོག་གི་གསར་གཏོད་ཆེན་པོ་ཞིག་དང་། དུས་རབས་གསར་པའི་རྒྱལ་སྤྱིའི་མཉམ་ལས་ཀྱི་ལས་སྟེགས་གལ་ཆེན་གཞན་ཞིག་ཏུ་གྱུར་ཡོད། ཀྲུང་གོས་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་གཉེར་ཏེ་རང་འགུལ་ངང་ནང་འདྲེན་བྱེད་རྒྱ་ཆེ་རུ་གཏོང་བ་ནི་རེས་སྐོར་གསར་པའི་ཆུ་ཚད་མཐོ་བའི་ཕྱི་ཕྱོགས་སྒོ་དབྱེར་སྐུལ་འདེད་གཏོང་བ་དང་། “རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་གྱི་རྒྱལ་སྤྱིའི་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྒོ་དབྱེ་རྣམ་པའི་འཛམ་གླིང་དཔལ་འབྱོར་ཐུན་མོང་ཐོག་སྐྲུན་པ་བཅས་ལ་དམིགས་པའི་རང་འགུལ་བྱ་སྤྱོད་ཅིག་ཡིན། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་ཐོག་ཉོ་ཚོང་བྱེད་པ་ནི་ཚོང་ཟོག་དང་ཞབས་ཞུ་དང་། སྤེལ་རེས་བྱེད་པ་ནི་རིག་གནས་དང་འདུ་ཤེས། བསུ་བ་ནི་གླིང་ཆེན་ལྔའི་སྐུ་མགྲོན། འཆར་གཞི་འགོད་པ་ནི་ཀུན་གྱི་ཁེ་ཕན། བསྟུན་རྒྱུ་ནི་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་འདོད་བཅས་ཡིན། “རྦ་རླབས་འཇགས་ན་ངོགས་གཉིས་མཛེས་ཉམས་ངང་གིས་མངོན། རླུང་ཤུགས་ཆེན་པོར་བརྟེན་ན་གྲུ་གཡོར་མཐོན་པོར་བསྒྲེངས”ཞེས་པ་ལྟར་ང་ཚོས་མཉམ་ལས་ཀྱི་གྲུ་གཡོར་ཐུན་མོང་ཐོག་བསྒྲེངས་པ་དང་དུས་རབས་འཕེལ་རྒྱས་ཀྱི་ཤར་རླུང་དང་བསྟུན་ནས། འཛམ་གླིང་དཔལ་འབྱོར་གྱི་གྲུ་ཆེན་མཚོ་ཐོག་ཏུ་རྒྱང་སྐྱོད་ཐུབ་པ་བྱས་ཏེ་སྐྱེ་སྟོབས་ཀྱི་དཔལ་རབ་ཏུ་འབར་བའི་དཔྱིད་ཀའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
     དགའ་སྤྲོ་འཁོལ་བའི་རྣམ་པའི་ཁྲོད་གསོལ་སྟོན་འགོ་ཚུགས་ཤིང་། ཚང་མས་མཉམ་དུ་བཞེས་དཀར་བཀྱགས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཐུགས་གྲ་ལེགས་འགྲིག་ཡོང་བའི་རྟེན་འབྲེལ་ཞུས་པ་དང་། རྒྱལ་ཁབ་ཁག་དར་རྒྱས་གོང་འཕེལ་དང་མི་དམངས་བདེ་སྐྱིད་ཁམས་བདེ་ཡོང་བའི་སྨོན་འདུན་ཞུས་པ་རེད། 
     ཏིང་ཞུའེ་ཞང་དང་། ལི་ཆང་། དབྱང་ཅེ་ཁྲེ། ཧུའུ་ཁྲུན་ཧྭ། ཧོང་ཁུན་མིང་། ཝང་དབྱི། ཀྲའོ་ཁེ་ཀྲི ཧོ་ལི་ཕུང་སོགས་གོང་གསལ་གྱི་མཛད་སྒོར་ཞུགས་ཡོད་པ་རེད།

ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་གསོལ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་སྟངས་དཔྱལ་དང་། ཅ་མེ་ཁའི་ཙུང་ལི་ཧོར་ཉི་སི་སྟངས་དཔྱལ། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་སྟངས་དཔྱལ། སར་པི་ཡའི་ཙུང་ལི་པུར་ན་པི་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ལྷན་བཞུགས་སྐུ་པར་བསྒྲོན་བཞིན་པ།
ཚེས་4ཉིན་གྱི་དགོང་མོ། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་དང་སྐུ་ཟླ་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྲང་ཧའེ་ཞི་བདེ་གསོལ་མགྲོན་ཁང་དུ་གསོལ་སྟོན་བཤམས་ནས་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པར་ཞུགས་མཁན་རྒྱལ་ཁབ་ཁག་གི་སྐུ་མགྲོན་ལ་དགའ་བསུ་ཞུས་ཤིང་། འདི་ནི་གསོལ་སྟོན་འགོ་མ་ཚུགས་གོང་། ཞི་ཅིན་ཕིང་དང་ཕེང་ལི་ཡོན་རྣམ་གཉིས་ཀྱིས་ཧྥ་རན་སེའི་ཙུང་ཐུང་མ་ཁེ་ལུང་སྟངས་དཔྱལ་དང་། ཅ་མེ་ཁའི་ཙུང་ལི་ཧོར་ཉི་སི་སྟངས་དཔྱལ། ཀེ་རི་སེའི་ཙུང་ལི་སྨི་ཙུའོ་ཐ་ཅི་སི་སྟངས་དཔྱལ། སར་པི་ཡའི་ཙུང་ལི་པུར་ན་པི་ཆི་སོགས་ཕྱི་རྒྱལ་གྱི་སྐུ་མགྲོན་དང་ལྷན་བཞུགས་སྐུ་པར་བསྒྲོན་བཞིན་པ།

  
style="display:none;"