མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་
ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་
གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་བཅོས་སྐྱོང་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 10:59】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

ཟླ་11ཚེས་2དང་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་2ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་དབྱང་ཕུའུ་ཆུས་གཙང་འགྲམ་སྤྱི་པའི་བར་མཐོངས་དབྱང་ཧྲུའུ་ཕུའུ་ཆུ་བཟོ་གྲྭའི་གཙང་འགྲམ་དུམ་བུར་སྤྲོ་གསེང་ལུས་སྦྱོང་བྱེད་བཞིན་པའི་གྲོང་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

ཟླ་11ཚེས་2དང་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་2ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་དབྱང་ཕུའུ་ཆུས་གཙང་འགྲམ་སྤྱི་པའི་བར་མཐོངས་དབྱང་ཧྲུའུ་ཕུའུ་ཆུ་བཟོ་གྲྭའི་གཙང་འགྲམ་དུམ་བུར་སྤྲོ་གསེང་ལུས་སྦྱོང་བྱེད་བཞིན་པའི་གྲོང་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

     ● ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་བཅོས་སྐྱོང་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། འཆར་འགོད་དང་། འཛུགས་སྐྲུན། དོ་དམ། ཐོན་སྐྱེད། འཚོ་བ། སྣོད་བཅུད་སོགས་སྤྱི་འདོམས་བྱེད་པའི་ཐད་སྲིད་གཞུང་དང་། སྤྱི་ཚོགས། གྲོང་མི་སོགས་ཕྱོགས་ཁག་གི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱེད་དགོས། གནད་འགག་གི་ལས་དོན་ཁག་གཅིག་ལ་དམ་འཛིན་གྱིས“སྲིད་དོན་ཞབས་ཞུ་དྲ་གཅིག་ཀུན་ཁྱབ”དང“གྲོང་ཁྱེར་འཁོར་རྒྱུག་དྲ་གཅིག་སྤྱི་འདོམས”ལ་དམ་འཛིན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་གྲོང་ཁྱེར་བཅོས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། ཁ་འགྲེམས་རྣམ་པའི་ཆ་འཕྲིན་མ་ལག་བསྡུ་སྒྲིལ་བྱེད་པ་བཅས་ཀྱི་ཐོག་ནས་དངོས་འཐབ་ཁྲོད་གོ་ཆོད་པ་དང་། གཞི་རིམ་ལས་བྱེད་པས་སྤྱོད་དགའ་བ། མང་ཚོགས་ལ་སྤྱོད་གོ་ཆོད་པ་བཅས་ཡོང་བ་བྱེད་དགོས། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་གྱིས་མངོན་གསལ་དོད་པའི་དམངས་འཚོའི་དཀའ་གནད་ལ་དམ་འཛིན་བྱེད་པ་དང་། ལས་དོན་རེ་རེ་བཞིན་སྒྲུབ་པ། ལོ་རེ་ནས་ལོ་རེ་བར་སྒྲུབ་པ། སྔ་ཙམ་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་ཡོང་བར་བྱེད་དགོས།
     ཤིན་ཧྭ་གསར་འགྱུར་ཁང་ཧྲང་ཧའེ་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་སྐབས། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ནས་བརྟན་ཐོག་ཡར་བརྩོན་གྱི་ལས་ཀའི་རྩ་བའི་དགོངས་གཞི་མཐའ་འཁྱོངས་བྱེད་པ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ། སྒྱུར་བཅོས་སྒོ་དབྱེའི་གོམ་སྟབས་མགྱོགས་སུ་གཏོང་བ། དེང་རབས་ཅན་གྱི་དཔལ་འབྱོར་མ་ལག་མགྱོགས་པོ་བསྐྲུན་པ། འགག་སྒྲོལ་དམག་འཐབ་ཆེན་པོ་གསུམ་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ། འབྲི་ཆུའི་ཟུར་གསུམ་ཁུལ་གྱི་གཞི་གཅིག་ཅན་འཕེལ་རྒྱས་ལ་སྐུལ་འདེད་ཏན་ཏིག་གཏོང་བ། རྒྱལ་ཁབ་ཕྱི་ནང་གི་ཉེན་ཁ་དང་འགྲན་སློང་སྣ་ཚོགས་ལ་ཁ་གཏད་ཡག་པོ་གཅོག་པ། བློ་ཁོག་ཆེན་པོས་འགན་འཁྲི་ལྕི་ཤོས་འཁུར་བ་དང་མཁྲེགས་སར་གཏུགས་ཕོད་པ། གྲོང་ཁྱེར་གྱི་ནུས་རིམ་དང་ལྟེ་བའི་འགྲན་ནུས་ནུས་ཤུགས་ཡོད་རྒུས་ཆེ་རུ་གཏོང་བ་བཅས་བྱས་ནས་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་སྤྱིའི་གྲོང་ཁྱེར་ཆེ་མོ་བཅོས་སྐྱོང་ནུས་པ་དང་བཅོས་སྐྱོང་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་གཏོང་དགོས་པའི་ནན་བཤད་གནང་བ་རེད། 
     ཟླ་11ཚེས་2དང་3ཉིན་ཞི་ཅིན་ཕིང་གིས་ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་ཧྲང་ཧའེ་གྲོང་ཨུད་ཀྱི་ཧྲུའུ་ཅི་ལི་ཆང་དང་ཧྲི་ཀྲང་དབྱིང་ཡུང་གི་ཕེབས་རོགས་འོག ཧྲང་ཧའེ་དབྱང་ཕུའུ་གཙང་འགྲམ་དང་ཀུའུ་པེ་སྡེ་ཁུལ་དུ་ཕེབས་ནས་ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་ལག་བསྟར་དོན་འཁྱོལ་དང་། གྲོང་ཁྱེར་གྱི་སྤྱི་པའི་བར་མཐོངས་འཆར་འགོད་འཛུགས་སྐྲུན། སྡེ་ཁུལ་བཅོས་སྐྱོང་དང་ཞབས་ཞུ་སོགས་ལ་བརྟག་ཞིབ་གནང་ནས་གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་དང་བྱམས་བརྩེའི་ངང་སྤེལ་རེས་གནང་བ་རེད། 
     ཚེས་2ཉིན་གྱི་ཕྱི་དྲོ། ཞི་ཅིན་ཕིང་དབྱང་ཕུའུ་ཆུས་གཙང་འགྲམ་སྤྱི་པའི་བར་མཐོངས་དབྱང་ཧྲུའུ་ཕུའུ་ཆུ་བཟོ་གྲྭའི་གཙང་འགྲམ་དུམ་བུར་ཕེབས་ཏེ་བརྙན་ལམ་དང་བརྒྱུད་ལམ་སྣེ་མང་གི་སྟོན་འགྲེམས་དང་ཟུང་འབྲེལ་གྱིས་ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་ཀྱི་ལྟེ་བའི་ཁུལ་གྱི་སྤྱི་ལེ་45ཡི་སྤྱི་པའི་བར་མཐོངས་མཐུད་འབྲེལ་ལས་གྲྭའི་གཞི་རྩའི་གནས་ཚུལ་དང་དབྱང་ཕུའུ་གཙང་འགྲམ་སྤྱི་པའི་བར་མཐོངས་འཛུགས་སྐྲུན་གནས་ཚུལ་གྱི་སྙན་སེང་གསན་པ་རེད། ཉེ་བའི་ལོ་ཤས་ནང་ཧྲང་ཧའེ་གྲོང་ཁྱེར་གྱིས་ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་ཀྱི་མཐུད་འབྲེལ་དང་དེ་བཞིན་གཙང་འགྲམ་གྱི་ཆུ་ངོགས་ཕྱོགས་སྒྱུར་ལས་དོན་ལ་སྐུལ་འདེད་བཏང་ནས་དབྱང་ཕུའུ་གཙང་འགྲམ་དེ་བཟོ་གྲྭའི་མཛོད་ཁང་གཙོ་བོར་བྱས་པའི་ཐོན་སྐྱེད་ཆུ་ངོགས་ནས་སྤྱི་གླིང་དང་སྔོ་ལྗང་གཙོ་བོར་བྱས་པའི་འཚོ་བའི་ཆུ་ངོགས་དང་། སྣོད་བཅུད་ཆུ་ངོགས། མཛེས་ལྗོངས་ཁུལ་གྱི་ཆུ་ངོགས་བཅས་སུ་རིམ་གྱིས་གྱུར་པ་དང་དེ་སྔའི་བཟོ་ལས་ཁུལ་དེ་འཚོ་བའི་ཁུལ་དུ་འགྱུར་བ་བྱས་ཏེ་ཧྲང་ཧའེ་ལ་མཚར་སྡུག་ལྡན་པའི་མཛེས་ལྗོངས་ཁུལ་ཞིག་བསྣན་ཡོད། ཞི་ཅིན་ཕིང་གིས་རིག་གནས་ནི་གྲོང་ཁྱེར་གྱི་བླ་སྲོག་ལྟ་བུ་ཞིག་རེད། གྲོང་ཁྱེར་གྱི་ལོ་རྒྱུས་རིག་གནས་ཀྱི་གནའ་ཤུལ་ནི་སྔོན་བྱོན་པའི་བློ་གྲོས་གཅིག་ཏུ་འདུས་པ་ཞིག་དང་གྲོང་ཁྱེར་གྱི་ནང་དོན་དང་། རྒྱུ་སྤུས། ཁྱད་ཆོས་བཅས་ཀྱི་མཚོན་རྟགས་གལ་ཆེན་ཞིག་ཡིན་པས་སྲུང་སྐྱོང་དང་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་བྱེད་མཁས་པོ་བྱེད་པ་དང་། གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་ཀྱི་རྒྱུན་མཐུད་རྒྱུར་སྣང་ཆེན་བྱེད་པ། “རྒན་རྒོན”ལ་བརྩི་བཀུར་དང་བྱམས་སྐྱོང་བྱེད་པ་ལྟར་གྲོང་ཁྱེར་ནང་གི་གནའ་བོའི་འཛུགས་སྐྲུན་ལ་སྲུང་སྐྱོང་བྱེད་པ། གྲོང་ཁྱེར་གྱི་ལོ་རྒྱུས་དང་རིག་གནས་དྲན་ཤེས་ཉར་ཚགས་ཡག་པོ་བྱེད་པ་བཅས་བྱས་ཏེ་མི་རྣམས་ཀྱིས་ལོ་རྒྱུས་སེམས་ལ་ངེས་པ་དང་། ཕ་ཡུལ་སེམས་ལ་ངེས་པ། རིག་གནས་ཀྱི་གདེང་ཚོད་བརྟན་དུ་གཏོང་བ། ཁྱིམ་དང་རྒྱལ་ཁབ་ལ་བཅངས་པའི་བརྩེ་སེམས་ཟབ་ཏུ་གཏོང་བ་བཅས་བྱེད་དགོས་ཞེས་གསུངས་པ་རེད། 
     ཞི་ཅིན་ཕིང་གིས་གཙང་འགྲམ་གྱི་དོས་ཟམ་བརྒྱུད་ཞབས་ཐང་མར་ཧོང་ཕུའུ་ཅང་གཙང་པོའི་ངོགས་གཉིས་ཀྱི་རྣམ་པར་གཟིགས་པ་དང་། མི་ཆོས་རིག་གནས་ཀྱི་ལོ་རྒྱུས་དང་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཕོ་འགྱུར་མཁྱེན་རྟོགས་གནང་ཞིང་། ཡུས་ཧྲུའེ་མེ་ཏོག་ལྡུམ་རར་ཕེབས་ནས་ས་གནས་ས་ཐོག་ཏུ་གྲོང་ཁྱེར་གྱི་ཁོར་ཡུག་ཕྱོགས་བསྡུས་བཅོས་སྐྱོང་དང་འགྱིག་བལ་གྲོང་ཁྱེར་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་རྟོག་ཞིབ་གནང་བ་དང་སྦྲགས། རླངས་འཁོར་ལ་བཞུགས་ནས་ལམ་རྒྱུད་ཀྱི་ཉ་པའི་གྲུ་ཁ་དང་དབྱང་ཧྲུའུ་ཕུའུ་གྲུ་ཁའི་གནས་རྙིང་སོགས་ས་གཤིས་མཚོན་རྟགས་མཛེས་ལྗོངས་ལ་གཟིགས་པ་དང་དབྱང་ཕུའུ་ཆུས་ཀྱིས་ཚན་རིག་དང་མཐུན་པའི་སྒོ་ནས་སྒྱུར་བཀོད་བྱས་པའི་གཙང་འགྲམ་བར་མཐོངས་དང་མང་ཚོགས་ཀྱི་སྤྱི་པའི་སྤྲོ་གསེང་བྱེད་སྒོ་སྤེལ་ཡུལ་སྐྲུན་ཚུལ་ལ་ཁས་ལེན་གང་ལེགས་གནང་བ་རེད། གཟིགས་སྐོར་གནང་རིང་སྤྲོ་གསེང་ལུས་སྦྱོང་བྱེད་བཞིན་པའི་གྲོང་མི་མང་པོ་འཕྲད་པས་ཞི་ཅིན་ཕིང་གིས་ཁོང་ཚོ་དང་བྱམས་བརྩེའི་ངང་བཀའ་མོལ་གནང་བ་རེད། ཞི་ཅིན་ཕིང་གིས་གྲོང་ཁྱེར་ནི་མི་དམངས་ཀྱི་གྲོང་ཁྱེར་ཡིན་པས་མི་དམངས་ཀྱི་གྲོང་ཁྱེར་གྱིས་མི་དམངས་ལ་ཞབས་འདེགས་ཞུ་དགོས། གྲོང་ཁྱེར་གྱི་འཆར་འགོད་དང་གྲོང་ཁྱེར་འཛུགས་སྐྲུན་གང་ཞིག་ཡིན་ནའང་འདྲ། གྲོང་ཁུལ་གསར་པ་འཛུགས་སྐྲུན་དང་གྲོང་ཁུལ་རྙིང་པ་སྒྱུར་བཀོད་གང་ཞིག་ཡིན་རུང་ཚང་མ་མི་དམངས་ལྟེ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ་དང་མི་དམངས་མང་ཚོགས་ཀྱི་དགོས་མཁོར་དམིགས་ནས་ཐོན་སྐྱེད་དང་། འཚོ་བ། སྣོད་བཅུད་བར་མཐོངས་བཅས་བཀོད་སྒྲིག་ལུགས་མཐུན་བྱས་ཏེ་ནང་དོན་ལྡན་པ་དང་། ལེགས་བསྡུས་ཞིབ་གཉེར་གྱི་རྣམ་པ། ལྗང་མདོག་བཅས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལམ་བུའི་ཐོག་བསྐྱོད་དེ་ལས་གཏོད་དང་། སྡོད་མལ། སྤྲོ་གསེང་། ཡུལ་སྐོར་བཅས་ལ་འཚམ་པའི་ཁོར་ཡུག་བཟང་པོ་ཞིག་ཧུར་ཐག་བཏོད་དེ་མི་དམངས་ལ་ཐོབ་ཚོར་དེ་བས་ཟབ་པ་དང་བདེ་སྐྱིད་དེ་བས་ལྡན་པའི་འཚོ་བ་ཞིག་གཏོད་དགོས་ཞེས་གསུངས་པ་རེད། 
     ཕུའུ་ཅང་གཙང་པོའི་ངོགས་ཀྱི་ཏང་དང་མང་ཚོགས་ཀྱི་ཞབས་ཞུའི་ས་ཚིགས་ཀུན་འདུས་ཁྱིམ་ཚང་ནི་སྒོ་དབྱེ་རྣམ་པའི་ཏང་འཛུགས་སྐྱོང་གི་ཞབས་ཞུའི་ལས་སྟེགས་ཤིག་ཡིན་པ་དང་། ཞི་ཅིན་ཕིང་གིས་ཞབས་ཞུའི་ས་ཚིགས་ཀྱི་ལས་དོན་མི་སྣ་དང་གྲོང་མི་ཚོར་དེ་གའི་གཞི་རིམ་ཏང་འཛུགས་སྐྱོང་དང་སྤྱི་པའི་ཞབས་ཞུ་སྒྲུབ་ཚུལ་བཀའ་འདྲི་ཞིབ་ཚགས་གནང་བ་རེད། དགུང་ལོ་དགུ་བཅུ་ཙམ་ལ་སླེབས་པའི་ཏང་ཡོན་རྒན་གྲས་ངལ་རྩོལ་དཔེ་བཟང་བ་རྒན་གྲས་ཤིག་གིས་སྤྱི་ཁྱབ་ཧྲུའུ་ཅིར་རང་ཉིད་ནི་ས་སྐྱེས་རྡོ་སྐྱེས་ཀྱི་ཧྲང་ཧའེ་བ་ཞིག་ཡིན་པས་ཀྲུང་གོ་རྙིང་པ་ནས་ཀྲུང་གོ་གསར་པའི་བར་དང་། དེ་ནས་དུས་རབས་གསར་པའི་བར་གྱི་ཧྲང་ཧའེ་ཡི་འཕོ་འགྱུར་ཆེན་པོའི་དཔང་པོ་བྱས་ཡོད་ལ། ཀྲུང་གོ་གུང་ཁྲན་ཏང་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ལ་སྤོབས་པ་ཚད་མེད་སྐྱེ་ཡི་འདུག་ཅེས་སེམས་འགུལ་ཐེབས་བཞིན་ངོ་སྤྲོད་བྱས་པ་རེད། ཞི་ཅིན་ཕིང་གིས་ཁོང་ལ་ན་གཞོན་ཚོར་ལོ་རྒྱུས་དེ་དག་མང་ཙམ་བརྗོད་དེ་ཁོང་ཚོའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་གྱི་གདེང་ཚོད་དང་། རིགས་པའི་གཞུང་ལུགས་ཀྱི་གདེང་ཚོད། ལམ་ལུགས་ཀྱི་གདེང་ཚོད། རིག་གནས་ཀྱི་གདེང་ཚོད་བཅས་བརྟན་དུ་གཏོང་དགོས་པའི་སྐུལ་ལྕག་གནང་བ་རེད། 
     ས་སྲོས་འཆར་ལ་ཉེ་བའི་སྐབས། ཞི་ཅིན་ཕིང་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་ཀུའུ་པེ་གྲོང་མིའི་ལྟེ་གནས་སུ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཀུའུ་པེ་སྡེ་ཁུལ་དུ་རྒྱལ་ཁབ་དང་ས་ཁུལ་50ལྷག་ཙམ་ནས་ཡོང་བའི་གྲོང་མི་འཚོ་སྡོད་བྱེད་ཀྱི་ཡོད། ཞི་ཅིན་ཕིང་གིས་སྡེ་ཁུལ་གྱི་སྤྱི་ཚོགས་ཀྱི་གནས་ཚུལ་དང་མི་དམངས་ཀྱི་བསམ་འདུན་སྒྲུབ་ཡུལ་བསྐྲུན་པ་དང་གཞི་རིམ་མང་ཚོགས་ཁྲིམས་འཛུགས་ལས་དོན་ནང་ཞུགས་རྒྱུར་ཞབས་འདེགས་ཞུས་པ་སོགས་ཀྱི་ངོ་སྤྲོད་གསན་པ་མ་ཟད། ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ནང་ཞུགས་བཞིན་པའི་སྡེ་ཁུལ་གྱི་གྲོང་མིའི་འཐུས་མི་དང་བྱམས་བརྩེའི་ངང་སྤེལ་རེས་ཀྱང་གནང་བ་རེད། ཁོང་གིས་ནན་བཤད་གནང་དོན། ཁྱེད་ཚོའི་དེ་ག་ནི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱིས་བཙུགས་པའི་གཞི་རིམ་ཁྲིམས་འཛུགས་འབྲེལ་གཏུག་ས་ཚིགས་ཡིན་པ་དང་། ཁྱེད་ཚོས་སྡེ་ཁུལ་གྱི་དོན་དངོས་ལ་གཞི་ཚུགས་པ་དང་ནན་ཏན་ངང་ལས་དོན་ཏན་ཏིག་སྤེལ་ཏེ། མང་ཚོགས་དང་འབྲེལ་འདྲིས་དང་དམངས་ཀྱི་བློ་གྲོས་བསྡུས་པའི་དགེ་མཚན་ལྡན་པའི་འཚོལ་ཞིབ་མང་པོ་བྱས་འདུག རང་རྒྱལ་གྱི་རྩ་བའི་ཆབ་སྲིད་ལམ་ལུགས་ཡིན་པའི་མི་དམངས་འཐུས་ཚོགས་ལམ་ལུགས་མཐའ་འཁྱོངས་དང་། སྲ་བརྟན། འཕེལ་རྒྱས་བཅས་ཡག་པོ་བཏང་ནས། དམངས་ཀྱི་འདོད་བློ་མཚོན་པའི་ཐབས་ལམ་ཤར་གཏོང་དང་དམངས་གཙོའི་རྣམ་པ་ཕུན་སུམ་ཚོགས་སུ་གཏོང་དགོས།
     གྲོང་མིའི་འཚོ་བར་སྟབས་བདེ་སྐྲུན་ཆེད་གྲོང་མིའི་ལྟེ་གནས་སུ་བཟའ་འཐུང་དང་། སྨན་བཅོས། ཁྲིམས་དོན་སོགས་རིགས་ཁག་གི་ཆེད་ལས་ཞབས་ཞུའི་སྒྲིག་གཞི་མང་པོ་བཙུགས་ཡོད་པ་དང་། ཞི་ཅིན་ཕིང་གིས་ཕྱི་རྒྱལ་དང་འབྲེལ་བ་ཡོད་པའི་མི་སྣའི་ཞབས་ཞུའི་སྐར་ཁུང་དང་རྒན་རྒོན་གྱི་ཟ་ཁང་སོགས་སུ་རིམ་གྱིས་གཟིགས་ཞིབ་གནང་ནས། སྡེ་ཁུལ་གྱི་འཚོ་བ་དང་། རིག་གནས། རྒན་གསོ་སོགས་དམངས་ཕན་ཞབས་ཞུའི་གནས་ཚུལ་ལ་མཁྱེན་རྟོགས་གནང་བ་རེད། རྒན་རྒོན་གྱི་ཟ་ཁང་དུ་ཞི་ཅིན་ཕིང་གིས་ལྟོ་ཆས་ཟ་བཞིན་པའི་གྲོང་མི་དང་སྤྲོ་སེམས་འཁོལ་བའི་བཀའ་མོལ་གནང་ནས། ཟས་ཞིམ་པོ་ཡོད་མེད་དང་། རིན་གོང་འཚམ་པོ་ཡོད་མེད། སྡེ་ཁུལ་གྱི་དམངས་ཕན་ཞབས་ཞུར་ད་དུང་རེ་བ་གསར་པ་གང་ཡོད་མེད་བཅས་བཀའ་འདྲི་གནང་བ་རེད། ཞི་ཅིན་ཕིང་གིས་བསྟན་གནང་དོན། གྲོང་ཁྱེར་བཅོས་སྐྱོང་ནི་རྒྱལ་ཁབ་བཅོས་སྐྱོང་མ་ལག་དང་བཅོས་སྐྱོང་ནུས་པ་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་ནང་དོན་གལ་ཆེན་ཞིག་རེད། ཟ་གོས་འགྲོ་སྡོད་དང་། སློབ་གསོ་ལས་ཞུགས། སྨན་བཅོས་རྒན་གསོ། རིག་གནས་ལུས་རྩལ། འཚོ་བའི་ཁོར་ཡུག སྤྱི་ཚོགས་སྒྲིག་ལམ་སོགས་ལས་གྲོང་ཁྱེར་དོ་དམ་གྱི་ཆུ་ཚད་དང་ཞབས་ཞུའི་སྤུས་ཚད་མཚོན་གྱི་ཡོད། དེར་བརྟེན། ཏང་གི་རྩ་བའི་དམིགས་ཡུལ་ཁོང་དུ་བརྟན་པོར་ཆུད་པ་དང་དམངས་ཀྱི་རེ་འདོད་ལ་ང་ཡིས་བརྡ་ལན་ཞུ་རྒྱུ་མཐའ་འཁྱོངས་བྱས་ཏེ། མང་ཚོགས་ཀྱི་བྱ་བ་ཆེ་ཆུང་སྣ་ཚོགས་ལེགས་པར་སྒྲུབ་དགོས། གྲོང་ཁྱེར་བཅོས་སྐྱོང་གི་གཙོ་གནད་དང་ལེ་ལག་ཚང་བའི་ཐོན་ཁུངས་ཁྲོམ་གཞུང་སྡེ་ཁུལ་དུ་འབྱོར་རྒྱུར་སྐུལ་འདེད་གཏོང་བ་དང་། གཞི་རིམ་ཏང་འཛུགས་སྐྱོང་དང་། གྲོང་ཁྱེར་དོ་དམ། སྡེ་ཁུལ་བཅོས་སྐྱོང་། སྤྱི་པའི་ཞབས་ཞུ་སོགས་འགན་འཁྲི་གཙོ་བོ་དང་ལས་དོན་གཙོ་བོར་དམིགས་ནས། ཞིབ་བཤེར་ཆོག་མཆན་དང་། ཞབས་ཞུ། ཁྲིམས་བསྟར་སོགས་ཀྱི་སྟོབས་ཤུགས་གཅིག་ཏུ་བསྒྲིལ་ཏེ་ཁུལ་ཁོངས་ཀྱི་མང་ཚོགས་ལ་ཕྱོགས་ནས་ཞབས་འདེགས་ཞུ་དགོས། ཞབས་ཞུ་སྒྲུབ་གཉེར་སྟབས་བདེ་རུ་གཏོང་བ་དང། ལས་སྒྲུབ་བརྒྱུད་རིམ་ལེགས་སུ་གཏོང་བ། སྒྲུབ་གཉེར་ལྷུ་ཚིགས་ཉུང་དུ་གཏོང་བ་བཅས་ལ་སྐུལ་འདེད་བཏང་ནས། སྲིད་དོན་ཆ་འཕྲིན་མ་ལག་གི་ཐོན་ཁུངས་བསྡུ་སྒྲིལ་མཉམ་སྤྱོད་བྱེད་མགྱོགས་སུ་གཏོང་དགོས། ཞབས་ཞུ་མཁོ་སྤྲོད་ཞིབ་ཚགས་ཅན་ལ་སྐུལ་འདེད་གཏོང་བ་དང་། མང་ཚོགས་ལ་ཞབས་འདེགས་ཞུ་བའི་འགོ་འཛུགས་ས་དང་ཤུགས་རྒྱག་ས་གནད་ལ་འཁེལ་པོས་འཚོལ་བ། མང་ཚོགས་ཀྱི་དགོས་མཁོར་འབྲེལ་གཏུག་གིས་ཞབས་ཞུའི་མཁོ་སྤྲོད་ཕྱོགས་ཀྱི་སྒྱུར་བཅོས་བཅས་བྱས་ཏེ། དམངས་འཚོའི་དོན་དངོས་ཚང་མ་རེ་རེ་བཞིན་ཡག་པོ་སྒྲུབ་དགོས།
     སྡེ་ཁུལ་ནས་ཞལ་གྱེས་སྐབས། གྲོང་མི་ཚོས་སྤྲོ་སེམས་འཁོལ་པོས་ལམ་འགྲམ་དུ་ཡོང་ནས་འཚང་ཁ་ཤིག་ཤིག་ངང་སྤྱི་ཁྱབ་ཧྲུའུ་ཅི་དང་ཕྱག་བཏང་ནས་ཞལ་གྱེས་ཞུས་པ་རེད།
     ཚེས་3ཉིན་གྱི་ཕྱི་དྲོར། ཞི་ཅིན་ཕིང་གིས་ཧྲང་ཧའེ་གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་གི་ལས་དོན་སྙན་སེང་གསན་ནས། ཧྲང་ཧའེ་ཡི་ལས་དོན་ཁག་ལ་ཁས་ལེན་གནང་བ་རེད། ཁོང་གིས་ཧྲང་ཧའེ་ཡིས་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ། རྒྱུན་སྲིང་ལྷོད་མེད་དང་ཡང་འབད་བསྐྱར་འབད་ཀྱིས་དུས་རབས་གསར་པར་ངོ་མཚར་གསར་པ་ཧུར་ཐག་གཏོད་རྒྱུའི་ཐུགས་རེ་གནང་བ་རེད།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་གི་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱས་ཏེ་གྲོང་ཁྱེར་བཅོས་སྐྱོང་གི་དེང་རབས་ཅན་གྱི་ཆུ་ཚད་མཐོ་རུ་གཏོང་དགོས། འཆར་འགོད་དང་། འཛུགས་སྐྲུན། དོ་དམ། ཐོན་སྐྱེད། འཚོ་བ། སྣོད་བཅུད་སོགས་སྤྱི་འདོམས་བྱེད་པའི་ཐད་སྲིད་གཞུང་དང་། སྤྱི་ཚོགས། གྲོང་མི་སོགས་ཕྱོགས་ཁག་གི་སྟོབས་ཤུགས་འདོན་སྤེལ་ཡག་པོ་བྱེད་དགོས། གནད་འགག་གི་ལས་དོན་ཁག་གཅིག་ལ་དམ་འཛིན་གྱིས“སྲིད་དོན་ཞབས་ཞུ་དྲ་གཅིག་ཀུན་ཁྱབ”དང“གྲོང་ཁྱེར་འཁོར་རྒྱུག་དྲ་གཅིག་སྤྱི་འདོམས”ལ་དམ་འཛིན་ཡག་པོ་བྱེད་པ་དང་། མང་ཚོགས་ཀྱི་དགོས་མཁོ་དང་གྲོང་ཁྱེར་བཅོས་སྐྱོང་གི་མངོན་གསལ་དོད་པའི་གནད་དོན་ནས་འགོ་འཛུགས་རྒྱུ་མཐའ་འཁྱོངས་བྱེད་པ། ཁ་འགྲེམས་རྣམ་པའི་ཆ་འཕྲིན་མ་ལག་བསྡུ་སྒྲིལ་བྱེད་པ་བཅས་བྱས་ནས་དངོས་འཐབ་ཁྲོད་གོ་ཆོད་པ་དང་། གཞི་རིམ་ལས་བྱེད་པས་སྤྱོད་དགའ་བ། མང་ཚོགས་ལ་སྤྱོད་གོ་ཆོད་པ་བཅས་ཡོང་བར་བྱེད་དགོས། མང་ཚོགས་ཀྱིས་དོ་སྣང་ཆེ་ཤོས་བྱེད་པ་དང་། མང་ཚོགས་དང་ཐད་ཀར་འབྲེལ་བ་ཆེ་ཤོས་ཡོད་པ། མང་ཚོགས་ལ་འཕྲལ་མཁོ་ཆེ་ཤོས་ཡིན་པ་བཅས་ཀྱི་ཁེ་ཕན་གྱི་གནད་དོན་ལ་དམ་འཛིན་གྱིས་མངོན་གསལ་དོད་པའི་དམངས་འཚོའི་དཀའ་གནད་ལ་དམ་འཛིན་བྱེད་པ་དང་། ལས་དོན་རེ་རེ་བཞིན་སྒྲུབ་པ། ལོ་རེ་ནས་ལོ་རེ་བར་སྒྲུབ་པ། སྔ་ཙམ་གྲུབ་འབྲས་ཐོབ་པའི་བརྩོན་ལེན་བྱེད་པ་བཅས་ཀྱི་ཐོག་ནས་མི་དམངས་མང་ཚོགས་ལ་ཐོབ་ཚོར་དང་། བདེ་སྐྱིད་ཚོར་སེམས། བདེ་འཇགས་ཚོར་སེམས་བཅས་སྔར་ལས་མང་བ་ཡོང་བར་བྱེད་དགོས། ཏང་དང་སྲིད་གཞུང་གི་འགན་འཁྲི་ལག་ལེན་ཡག་པོ་བསྟར་ཏེ། ཁེ་ལས་དང་། མང་ཚོགས་ཚོགས་པའི་རྩ་འཛུགས། སྤྱི་ཚོགས་ཀྱི་རྩ་འཛུགས་བཅས་ཧུར་ཐག་ཞུགས་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ་དང་། མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ་བྱེད་པ། མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་འཕེལ་བར་བྱེད་པ་བཅས་བྱས་ནས་རྒྱུན་མཐུད་ཀྱི་འཁོར་རྒྱུག་ལམ་སྲོལ་འཚོལ་ཞིབ་ཀྱིས་འཛུགས་དགོས།
     ཞི་ཅིན་ཕིང་གིས་བསྟན་གནང་དོན། ཏང་ཀྲུང་དབྱང་གིས་ཧྲང་ཧའེ་ལ་སྤྲད་པའི་ལས་འགན་གལ་ཆེན་གསར་པ་ཁག་གསུམ་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་དགོས། ཧྲང་ཧའེ་ཡི་རང་མོས་ཚོང་དོན་ཚོད་ལྟའི་ཁུལ་གྲུ་ཁའི་ཡུག་ཁུལ་གསར་པས་རིམ་པ་དེ་བས་མཐོ་བ་དང་། ཁྱབ་ཁོངས་དེ་བས་ཡངས་པ། ཤུགས་ཚད་དེ་བས་ཆེ་བ་བཅས་ཀྱི་ཕྱོགས་ཡོངས་ཀྱི་ཆུ་ཚད་མཐོ་བའི་སྒོ་མོ་ཕྱེས་ཏེ། རྒྱལ་ཕྱི་རྒྱལ་ནང་གི་ཤེས་ལྡན་པ་གཅིག་ཏུ་འཛོམས་ནས་རྒྱལ་སྤྱིའི་གསར་གཏོད་མཐུན་སྦྱོར་གྱི་རྟེན་གཞི་གལ་ཆེན་དང་། ཆུ་ངོགས་ཀྱི་ལས་སྒོ་དང་ངོགས་ཕྱིའི་ལས་སྒོ་སྤྱི་འདོམས་འཕེལ་རྒྱས་གཏོང་སའི་ལྟེ་བ་གལ་ཆེན། ཁེ་ལས་ཕྱིར་བསྐྱོད་ནས་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་མཆོང་སྟེགས་གལ་ཆེན། ཁྲོམ་ར་གཉིས་དང་ཐོན་ཁུངས་གཉིས་དེ་བས་ལེགས་པའི་སྒོ་ནས་སྤྱོད་པའི་འགྲོ་ལམ་གལ་ཆེན། རྒྱལ་སྤྱིའི་དཔལ་འབྱོར་བཅོས་སྐྱོང་ནང་ཞུགས་པའི་ཚོད་ལྟའི་ཁུལ་གལ་ཆེན་བཅས་སུ་ཧུར་ཐག་འགྱུར་བར་བྱས་ནས། དམིགས་སའི་རང་བཞིན་ཡོད་པའི་སྒོ་ནས་སྒྲིག་སྲོལ་ལམ་སྲོལ་གསར་གཏོད་དང་། ལམ་ལུགས་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ། དཔལ་འབྱོར་གྱི་སྤུས་ཚད་གོང་མཐོར་གཏོང་བ་བཅས་བྱེད་དགོས། ཚན་རྩལ་གསར་གཏོད་མ་ལག་འཛུགས་པ་མ་ཟད། ཐོ་འགོད་ལམ་ལུགས་ཚོད་ལྟ་བྱེད་པར་ངེས་གནས་བརྟན་སྲུང་བྱེད་པ་དང་། ཁྲོམ་ཞུགས་ཀུང་སིའི་སྤུས་ཚད་མཐོ་རུ་གཏོང་བ། “རྩེར་སོན་ཚན་རྩལ”ཁེ་ལས་ཁྲོམ་ཞུགས་བྱ་རྒྱུར་རྒྱབ་སྐྱོར་དང་ལྕག་སྐུལ་བྱེད་པ། ཆ་འཕྲིན་ཡོངས་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ། སྔོན་དཔག་ལ་ལུགས་མཐུན་ངང་ཁྲིད་སྟོན་བྱེད་པ། ལྟ་འདོམས་ལ་ཤུགས་སྣོན་རྒྱག་པ་བཅས་བྱེད་དགོས། འབྲི་ཆུའི་ཟུར་གསུམ་ཁུལ་དང་། ཞིང་ཆེན་གསུམ། གྲོང་ཁྱེར་གཅིག་བཅས་ཀྱིས་སྤྱི་ཡོངས་ཀྱི་འདུ་ཤེས་དང་ཕྱོགས་ཡོངས་ཀྱི་འདུ་ཤེས་ཟབ་ཏུ་བཏང་སྟེ། 《འབྲི་ཆུའི་ཟུར་གསུམ་ཁུལ་གྱི་ཁུལ་ཁོངས་གཞི་གཅིག་ཅན་གྱི་འཕེལ་རྒྱས་འཆར་འགོད་རྩ་གནད》ལག་བསྟར་དོན་འཁྱོལ་ལ་དམ་འཛིན་གྱིས་གཙོ་གནད་ཁྱབ་ཁོངས་དང་། གཙོ་གནད་ཁུལ་ཁོངས། གཙོ་གནད་རྣམ་གྲངས། ལས་སྟེགས་གལ་ཆེན་བཅས་ལ་དམིགས་ནས་གཞི་གཅིག་ཅན་འཕེལ་རྒྱས་ཀྱི་ལེའུ་ཡག་པོ་རྩོམ་དགོས།
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། དཔལ་འབྱོར་སྤུས་ཚད་མཐོ་པོའི་ངང་འཕེལ་རྒྱས་གཏོང་རྒྱུར་སྐུལ་འདེད་གཏོང་དགོས་ཤིང་། གོ་ལ་ཧྲིལ་པོའི་ཐོན་ཁུངས་བཀོད་སྒྲིག་གི་ནུས་པ་ཆེ་རུ་གཏོང་བ་དང་། གོ་ལ་ཧྲིལ་པོའི་མ་དངུལ་དང་། ཆ་འཕྲིན། ལག་རྩལ། ཤེས་ལྡན་པ། དངོས་ཟོག་སོགས་གནད་ཆེའི་ཐོན་ཁུངས་བཀོད་སྒྲིག་ཧུར་ཐག་བྱེད་པ། ཞབས་ཞུར་བརྟེན་ནས“རྒྱུད་གཅིག་ལམ་གཅིག”མཉམ་སྐྲུན་བྱ་རྒྱུ་དེ་འཇུག་གཞི་དང་ཚད་བརྒལ་སར་བརྩི་བ་བཅས་བྱས་ནས་ཧྲང་ཧའེ་ཡི་དངུལ་རྩའི་ཁྲོམ་རའི་རྒྱལ་སྤྱི་ཅན་གྱི་ཆུ་ཚད་གང་མགྱོགས་མཐོ་རུ་གཏོང་དགོས། ཚན་རྩལ་གསར་གཏོད་ཀྱི་ཐོག་མའི་བྱེད་ནུས་ཆེ་རུ་བཏང་སྟེ། ཚན་རིག་གི་ཤེས་རྟོགས་གསར་པ་དང་། ལག་རྩལ་གྱི་གསར་གཏོད་གསར་པ། ཐོན་ལས་ཀྱི་ཁ་ཕྱོགས་གསར་པ། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་བཅས་མེད་པ་ནས་ཡོད་པའི་བར་མཆོང་སྐྱོད་ཡོང་བར་བྱས་ཏེ་ཚན་རིག་གི་ཆོས་ཉིད་ཤེས་རྟོགས་བྱེད་མཁན་དང་པོ་དང་། ལག་རྩལ་གསར་གཏོད་ཀྱི་གསར་གཏོད་པ་དང་པོ། ཐོན་ལས་གསར་གཏོད་ཀྱི་གསར་འབྱེད་པ་དང་པོ། འདུ་ཤེས་གསར་གཏོད་ཀྱི་ལག་ལེན་པ་དང་པོ་བཅས་སུ་འགྱུར་བར་བྱས་ཏེ་རྨང་གཞིའི་ཞིབ་འཇུག་དང་ཉེར་སྤྱོད་ཀྱི་རྨང་གཞིའི་ཞིབ་འཇུག་གི་མ་རྩོམ་རང་བཞིན་གྱི་གྲུབ་འབྲས་ཁག་གཅིག་གྲུབ་པར་བྱས་ནས་འཇུར་མིག་གི་འགག་རྩ་དང་ལྟེ་བའི་ལག་རྩལ་ཁག་གཅིག་ཚད་བརྒལ་ཡོང་བར་བྱེད་དགོས། རྩེར་སོན་ཐོན་ལས་ཀྱི་སྣེ་ཁྲིད་ནུས་པར་ཤུགས་སྣོན་བརྒྱབ་ནས་དེང་རབས་ཞབས་ཞུའི་ལས་རིགས་བྱེད་པོར་འཛིན་པ་དང་སྔོན་ཐོན་བཟོ་སྐྲུན་ལས་རིགས་འདེགས་སྐྱོར་དུ་བྱེད་པའི་འཐབ་ཇུས་ཀྱི་ངེས་གནས་མཐའ་འཁྱོངས་ཀྱིས་ཐོན་ལས་འཁོར་འབྲེལ་གྱི་ལྟེ་བའི་ལྷུ་ཚིགས་སྟངས་འཛིན་ཧུར་ཐག་དང་རིན་ཐང་འཁོར་འབྲེལ་གྱི་རྩེར་སོན་གནས་བབ་བཟུང་དགོས། གནད་འགག་གི་དྲ་ཚུགས་ཀྱི་སྒོ་མོ་དབྱེ་བའི་བྱེད་ནུས་ལ་ཤུགས་སྣོན་བརྒྱབ་སྟེ་སྒོ་དབྱེར་བརྟེན་ནས་སྒྱུར་བཅོས་ལ་སྐུལ་འདེད་དང་། འཕེལ་རྒྱས་ལ་སྐུལ་འདེད། གསར་གཏོད་ལ་སྐུལ་འདེད་བཅས་གཏོང་རྒྱུ་མཐའ་འཁྱོངས་ཀྱིས་འཛམ་གླིང་དཔལ་འབྱོར་གྱི་མཐའ་ཡས་རྒྱ་མཚོ་ཆེ་མོར་རྦ་ཀློང་དང་དྲག་ཏུ་འཐབ་པ་དང་ལུས་ཟུངས་རྒྱས་པར་བྱེད་དགོས། 
     ཞི་ཅིན་ཕིང་གིས་ནན་བཤད་གནང་དོན། ཏང་འཛུགས་སྐྱོང་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས་ཤིང་། རིམ་ཁག་ཏང་རྩ་འཛུགས་ཀྱིས་བརྗོད་དོན་གཙོ་བོའི་སློབ་གསོ་ཁག་དང་པོའི་གྲུབ་འབྲས་སྲ་བརྟན་དང་རྒྱ་སྐྱེད་དུ་གཏོང་བ་དང་ཆབས་ཅིག བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པར་དམ་འཛིན་ཡག་པོ་བྱེད་དགོས་པ་མ་ཟད། ལམ་ལུགས་དང་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་བ་བརྒྱུད་ཏང་འཛུགས་སྐྱོང་གི་ཡུན་རིང་གི་ཞིབ་འཇུག་བྱ་གཞི་དང་ཏང་ཡོན་ལས་བྱེད་པའི་ཚེ་གང་གི་བརྗོད་གཞི་ཡིན་པའི“ཐོག་མའི་བསམ་འདུན་མ་བརྗེད་པར་འགན་འཁྲི་བློ་ལ་བརྟན་པོར་འཆང་བར”རྒྱུན་དུ་ནས་དམ་འཛིན་དང་གསར་གཏོད་བྱེད་དགོས། བརྗོད་དོན་གཙོ་བོའི་སློབ་གསོ་སྤེལ་བར་སྦྱོང་བ་ནི་སྦྱོང་བ་དང་། ཤོད་པ་ནི་ཤོད་པ། ལས་པ་ནི་ལས་པ་བཅས་ཙམ་མ་ཡིན་པར་ཕན་འབྲས་དངོས་ལ་ཚད་འཇལ་བྱེད་པའི་རྩ་བའི་ཚད་གཞི་ནི་གནད་དོན་ཐག་གཅོད་དང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་རྒྱུ་དེ་རེད། བརྗོད་དོན་གཙོ་བོའི་སློབ་གསོ་ཁག་གཉིས་པའི་གཙོ་གནད་གཞི་རིམ་དུ་ཡོད་པས་མང་ཚོགས་ཀྱི་སྒོ་རྩར་སྤེལ་བར་དེ་བས་དམ་པ་དོན་གཉེར་གྱིས་གནད་དོན་ལ་ཁ་ཕྱོགས་པ་དང་གནད་དོན་ལ་དམིགས་ནས་དག་ཐེར་བྱས་ཏེ་མང་ཚོགས་ཚོས་འགྱུར་ལྡོག་གསར་པ་དང་ཕན་འབྲས་གསར་པ་ཚོར་བ་བྱེད་དགོས། རིམ་ཁག་འགོ་ཁྲིད་ལས་བྱེད་པས་འགན་འཁྲི་ཁུར་ཕོད་པ་དང་འགག་སྒྲོལ་དཀའ་སེལ་བྱས་ཏེ་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཁག་ནང་བསམ་བློའི་ཞུན་བརྡར་དང་། ཆབ་སྲིད་ཀྱི་ཞུན་བརྡར། ལག་ལེན་གྱི་སྦྱོང་བརྡར་བཅས་ནན་པོ་ཐེག་པ་བྱེད་དགོས། ཆབ་སྲིད་ཀྱི་ནུས་པ་དང་སྒྲིག་འཛུགས་ནུས་པ་ཆེ་རུ་གཏོང་རྒྱུ་གཙོ་གནད་དུ་བཟུང་སྟེ་རྨང་གཞི་བརྟན་དུ་གཏོང་བ་དང་ཞན་ཆ་གསབ་པའི་ཐད་ཤུགས་སྣོན་བརྒྱབ་ནས་གཞི་རིམ་ཏང་རྩ་འཛུགས་དེ་ཉིད་ཏང་གི་འདོད་ཚུལ་དྲིལ་བསྒྲགས་དང་། ཏང་གི་གཏན་འབེབས་ལག་བསྟར། གཞི་རིམ་བཅོས་སྐྱོང་ལ་འགོ་ཁྲིད། མང་ཚོགས་ལ་མཐུན་སྒྲིལ་དང་སྐུལ་སློང་། སྒྱུར་བཅོས་དང་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་ཏུ་སྐྲུན་དགོས། 
     ཞི་ཅིན་ཕིང་གིས། ཧྲང་ཧའེ་ནི་རང་རེའི་ཏང་དབུ་བརྙེས་ཡུལ་ཡིན་པ་དང་ཏང་དབུ་བརྙེས་རྗེས་ཏང་ཀྲུང་དབྱང་གི་ལས་ཁུངས་དུས་ཡུན་རིང་པོ་ཧྲང་ཧའེ་རུ་བཅའ་སྡོད་བྱས་ཡོད། ཧྲང་ཧའེ་ཡིས་ཕུན་སུམ་ཚོགས་པའི་གསར་བརྗེའི་ཐོན་ཁུངས་འདི་དག་བརྗོད་དོན་གཙོ་བོའི་སློབ་གསོའི་གསོན་ཉམས་དོད་པའི་བསླབ་གཞིར་བྱས་ཏེ་རྒྱ་ཆེའི་ཏང་ཡོན་དང་ལས་བྱེད་པར་ཏང་གི་ལོ་རྒྱུས་དང་། ཀྲུང་གོ་གསར་པའི་ལོ་རྒྱུས། སྒྱུར་བཅོས་སྒོ་དབྱེའི་ལོ་རྒྱུས་བཅས་སློབ་སྦྱོང་གཏིང་ཟབ་བྱེད་པར་ཁྲིད་སྟོན་དང་ཐོག་མའི་བསམ་འདུན་གཅིག་ལ་གཅིག་སྤེལ་དང་འགན་འཁྲི་ནམ་ཡང་ཕྲག་ཏུ་ཁུར་ཏེ“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་མངོན་འགྱུར་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་འཕེལ་རིམ་ཁྲོད་དཔའ་ངར་ཆེར་སྐྱེད་ཀྱིས་མདུན་གྲལ་དུ་སྐྱོད་དགོས་ཞེས་ནན་བཤད་གནང་བ་རེད།

ཟླ་11ཚེས་2དང་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་2ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་ཀུའུ་པེ་གྲོང་མིའི་ལྟེ་གནས་སུ་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ལ་ཞུགས་པའི་སྡེ་ཁུལ་གྲོང་མིའི་འཐུས་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།
ཟླ་11ཚེས་2དང་3ཉིན་ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཧྲང་ཧའེ་རུ་རྟོག་ཞིབ་གནང་ཞིང་། འདི་ནི་ཚེས་2ཉིན་གྱི་ཕྱི་དྲོར་ཞི་ཅིན་ཕིང་གིས་ཁྲང་ཉིང་ཆུས་ཧུང་ཆའོ་ཁྲོམ་གཞུང་ཀུའུ་པེ་གྲོང་མིའི་ལྟེ་གནས་སུ་ཁྲིམས་འཛུགས་བསམ་འཆར་བསྡུ་ལེན་ལ་ཞུགས་པའི་སྡེ་ཁུལ་གྲོང་མིའི་འཐུས་མི་ཚོ་དང་བྱམས་བརྩེའི་ངང་གླེང་མོལ་གནང་བཞིན་པ།

  
style="display:none;"