མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པའི་འགོ་ཚུགས་མཛད་སྒོར་
ཞུགས་རྒྱུ་མ་ཟད་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་རྒྱུ་ཡིན་པ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 11ཚེས་05ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་11ཚེས་3ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གོ་རྒྱལ་སྤྱིའི་ནང་འདྲེན་དངོས་མང་སྟོན་ཚོགས་སྐབས་གཉིས་པ་ཟླ་11ཚེས་5ཉིན་གྱི་སྔ་དྲོ་ཧྲང་ཧའེ་རུ་འགོ་ཚུགས་རྒྱུ་རེད། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་འགོ་ཚུགས་མཛད་སྒོར་ཞུགས་རྒྱུ་མ་ཟད་བཞེད་དོན་གཙོ་བོའི་གཏམ་བཤད་ཀྱང་གནང་རྒྱུ་རེད།
     སྐབས་དེ་དུས། ཀྲུང་དབྱང་རླུང་འཕྲིན་བརྙན་འཕྲིན་སྤྱི་ཁྱབ་ལས་ཁུངས་ཀྱི་ཕྱོགས་བསྡུས་འཕྲིན་ལམ་དང་། གསར་འགྱུར་འཕྲིན་ལམ། ཕྱི་སྐད་འཕྲིན་ལམ་སོགས་བརྙན་འཕྲིན་འཕྲིན་ལམ་དང་། ཀྲུང་གོའི་འཕྲིན་སྒྲ་དང་ས་གོ་ལའི་ཆ་འཕྲིན་རླུང་འཕྲིན་སོགས་རླུང་འཕྲིན་སྒྲ་རླབས། དེ་བཞིན་ཤིན་ཧྭ་དྲ་བ་བཅས་ཀྱིས་ཐད་གཏོང་བྱ་རྒྱུ་དང་། གསར་འགྱུར་དྲ་ཚིགས་དང་སྨྱན་སྦྱོར་གསར་པའི་ལས་སྟེགས་ཁག་གིས་དུས་གཅིག་ཏུ་བརྒྱུད་གཏོང་བྱ་རྒྱུ་རེད།

  
style="display:none;"