མི་དམངས་དྲ་བ།

༄༅༎ཞི་ཅིན་ཕིང་གིས་ཀྲུང་ལུགས་གསོ་རིག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་27ཉིན། 16:24】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཀྲུང་གུང་ཀྲུང་དབྱང་གི་སྤྱི་ཁྱབ་ཧྲུའུ་ཅི་དང་། རྒྱལ་ཁབ་ཀྱི་ཀྲུའུ་ཞི། ཀྲུང་དབྱང་དམག་ཨུད་ཀྱི་ཀྲུའུ་ཞི་བཅས་ཡིན་པའི་ཞི་ཅིན་ཕིང་གིས་ཉེ་དུས་ཀྲུང་ལུགས་གསོ་རིག་ལས་དོན་ལ་མཛུབ་སྟོན་གལ་ཆེན་གནང་སྐབས། ཀྲུང་ལུགས་གསོ་རིག་ནང་ཀྲུང་ཧྭ་མི་རིགས་ཀྱི་ལོ་ངོ་སྟོང་གི་བདེ་ཐང་ལུས་གསོའི་འདུ་ཤེས་དང་དེའི་ལག་ལེན་གྱི་ཉམས་མྱོང་འདུས་པ་ནི་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ཞིག་ཡིན་པས། དེར་ཀྲུང་གོའི་མི་དམངས་དང་ཀྲུང་ཧྭ་མི་རིགས་ཀྱི་བློ་གྲོས་ཟབ་མོ་གཅིག་ཏུ་བསྡུས་ཡོད། ཀྲུང་གོ་གསར་པ་དབུ་བརྙེས་པ་ནས་བཟུང་། རང་རྒྱལ་གྱི་ཀྲུང་ལུགས་གསོ་རིག་བྱ་གཞག་ལ་གྲུབ་འབྲས་མངོན་གསལ་དོད་པོ་ཐོབ་ནས་མི་དམངས་བདེ་ཐང་ཡོང་བར་ལེཌ་སྐྱེས་གལ་ཆེན་ཕུལ་ཡོད་ཅེས་གསུངས་པ་རེད།
     ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་རྒྱུན་ཨུ་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་ཙུང་ལི་ལི་ཁེ་ཆང་གིས་མཆན་བཀོད་མཛུབ་སྟོན་གལ་ཆེན་གནང་ནས་ཀྲུང་ལུགས་གསོ་རིག་ནི་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་གྱི་གསར་གཏོད་ཅིག་རེད། བདེ་ཐང་གི་ཀྲུང་གོ་བསྐྲུན་རྒྱུར་སྐུལ་འདེད་གཏོང་རིང་ཀྲུང་ཧྭའི་ཤེས་དཔལ་གྱི་མཆོག་ནོར་ལས་བཀྲག་མདངས་གསར་པ་སླར་ཡང་འཚེར་བར་བྱས་ཏེ་མི་དམངས་བདེ་ཐང་དང་བདེ་སྐྱིད་ཆེད་ལེགས་སྐྱེས་གསར་པ་འབུལ་དགོས་ཞེས་གསུངས་པ་རེད།

  
style="display:none;"