འཚོལ་བཤེར།   
藏文频道
2019ལོའི་ཟླ་10ཚེས་28ཉིན།

༄༅༎ཞི་ཅིན་ཕིང་གིས་2019ལོའི“ཀྲུང་གོ་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་མཁན་
ཕྱི་རྒྱལ་སྐུ་མགྲོན་གྱི་འཐུས་མི་དང་མཇལ་འཛོམས་གནང་བ།

གསར་འགྱུར་སྤེལ་དུས།  【2019ལོའི་ཟླ་ 10ཚེས་27ཉིན། 16:25】   (རྩོམ་སྒྲིག་འགན་འཁུར་པ། ཚེ་རིང་།)

འདི་ནི་ཟླ་10ཚེས་25ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་པེ་ཅིང་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི“ཀྲུང་གོ་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་སྐུ་མགྲོན་གྱི་འཐུས་མི་དང་མཇལ་འཛོམས་གནང་ནས་ཁོང་ཚོ་དང་ལྷན་བཞུགས་སྐུ་པར་བསྐྱོན་པ།

     ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་10ཚེས་25ཉིན་གློག་འཕྲིན་འབྱོར་གསལ། ཚེས་25ཉིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་མི་དམངས་ཚོགས་ཁང་ཆེ་མོར་2019ལོའི“ཀྲུང་གོ་ཤེས་རྟོགས”ཞེས་པའི་རྒྱལ་སྤྱིའི་ཚོགས་འདུར་ཞུགས་མཁན་ཕྱི་རྒྱལ་སྐུ་མགྲོན་གྱི་འཐུས་མི་དང་མཇལ་འཛོམས་གནང་ནས་ཁོང་ཚོ་དང་ལྷན་བཞུགས་སྐུ་པར་བསྐྱོན་ཞིང་། ཞི་ཅིན་ཕིང་གིས་ཁོང་ཚོར་ཀྲུང་གོ་དང་སྤེལ་རེས་བྱ་རྒྱུར་ཤུགས་སྣོན་བརྒྱབ་ནས“ཀྲུང་གོ་ཤེས་རྟོགས”དངོས་འབྲེལ་ཐུབ་པར་བྱས་ཏེ་ཀྲུང་གོ་དང་ཕྱི་རྒྱལ་དབར་ཕན་ཚུན་ཤེས་རྟོགས་དང་ངོས་འཛིན་ཐུབ་ཚད་མཐོ་རུ་ཏན་ཏིག་གཏོང་རྒྱུའི་ཐུགས་རེ་གནང་བ་རེད།