འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཁག་དང་པོའི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་160ཡིས་རང་འདོམས་སྤྱི་
    ཆིངས་ལ་མིང་རྟགས་བཀོད་ནས་དྲང་གཞག་ཚད་ལྡན་ངང་སློབ་གཉེར་བྱ་རྒྱུའི་
    ཁས་བླངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 11:07】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་9ཉིན་རྒྱལ་ཡོངས་ཀྱི་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་160ཡིས་ཧོ་ནན་ཀྲེང་ཀྲོའུ་རུ་《སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་རང་འདོམས་སྤྱི་ཆིངས་》ལ་ཐུན་མོང་ཐོག་མིང་རྟགས་བཀོད་དེ་ཁྲིམས་བཞིན་དང་། དྲང་གཞག ཚད་ལྡན་བཅས་ཀྱི་སྒོ་ནས་སློབ་གཉེར་བྱས་ཏེ“རྩ་གནད་ལས་བརྒལ་བའི་སློབ་ཁྲིད”དང“རྒྱུགས་སྤྲོད་གསབ་ཁྲིད”མི་ཐོན་པ་བྱེད་པ་དང་སློབ་གྲྭ་འབྲིང་ཆུང་གི་སློབ་མའི་རིམ་དབྱེའི་ཡིག་རྒྱུགས་དང་འགྲན་བསྡུར་གཏན་ནས་མི་སྤེལ་རྒྱུ་སོགས་ཁས་བླངས་པ་རེད།
         རང་འདོམས་སྤྱི་ཆིངས་ནང་དྲང་གཞག་སློབ་བསྡུ་དང་། ལུགས་མཐུན་གྲོན་བསྡུ། ལྟ་སྐུལ་དང་ལེན་བཅས་ཀྱི་སྒོ་ནས་སློབ་གསོ་དང་ལེན་བྱེད་མཁན་གྱི་ཁེ་དབང་འགན་ལེན་ཏན་ཏིག་བྱེད་དགོས། འུད་ཤོབ་ཆེན་པོས་དྲིལ་བསྒྲགས་དང་། ཁས་ལེན་རྫུས་མ། འབམ་འཚོང་འཇམ་ཁྲིད། སྦས་སྐུང་ཁ་བསླུ་སོགས་ཀྱི་ཐབས་ལ་བརྟེན་ནས་སློབ་མ་དང་ཁྱིམ་བདག་གསོ་སྦྱོང་ནང་ཞུགས་སུ་འཇུག་མི་ཆོག་པ་དང་ལོ་འཁོར་ཡོལ་ནས་འགྲོ་གྲོན་བསྡུ་མི་ཆོག གསོ་སྦྱོང་བྱས་འབྲས་དེ་སློབ་གྲྭ་འབྲིང་ཆུང་གི་སློབ་མ་བསྡུ་བའི་ཆ་རྐྱེན་དུ་བརྩི་བའི་བྱེད་སྤྱོད་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་དང་། སློབ་གྲྭ་འབྲིང་ཆུང་དང་དེའི་དགེ་རྒན་དང་ཚུལ་མིན་གྱི་ཁེ་ཕན་འབྲེལ་བ་འཛུགས་རྒྱུ་གཏན་འགོག་མཐའ་གཅིག་ཏུ་བྱེད་དགོས་པ་སོགས་བཏོན་པ་རེད།
         《སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞིའི་རང་འདོམས་སྤྱི་ཆིངས་》ལ་མིང་རྟགས་འགོད་པའི་བྱེད་སྒོ་ནི་སློབ་གསོ་པུའི་མཛུབ་ཁྲིད་འོག་ཀྲུང་གོ་དམངས་གཉེར་སློབ་གསོ་མཐུན་ཚོགས་གསོ་སྦྱོང་སློབ་གསོའི་ཆེད་ལས་ཨུ་ཡོན་ལྷན་ཁང་གིས་སྒྲིག་འཛུགས་བྱས་ནས་སྤེལ་བ་ཞིག་རེད། ཀྲུང་གོའི་གསོ་སྦྱོང་སློབ་གསོ་འཕེལ་རྒྱས་ཚོགས་ཆེན་སྐབས་བདུན་པའི་ཐོག་ཤིན་ཏུང་ཧྥང་དང་། ཞོལ་ཨར་སེ། ཞོལ་ཏཱ་སློབ་གསོ་སོགས་སློབ་ཕྱིའི་གསོ་སྦྱོང་སྒྲིག་གཞི་160དེ་དག་རང་འདོམས་སྤྱི་ཆིངས་ལ་མིང་རྟགས་འགོད་མཁན་གྱི་སྒྲིག་གཞི་ཁག་དང་པོར་གྱུར་ཡོད། གོམ་སྐབས་རྗེས་མར་རྒྱལ་ཡོངས་སུ་རང་འདོམས་སྤྱི་ཆིངས་ལ་མིང་རྟགས་འགོད་པའི་བྱེད་སྒོ་མུ་མཐུད་སྤེལ་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།