འཚོལ་བཤེར།   
藏文频道
2018ལོའི་ཟླ་4ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།འདི་ལོ་ཡིག་རྒྱུགས་གཏོང་མི་དགོས་པའི་སློབ་བསྡུའི་འཆར་གཞི་ལྟར་ནང་སའི་སློབ་ཆེན་དུ་
    མིང་ཐོ་འགོད་མཁན་ཤང་ཀང་གི་སློབ་མ་བཅུ་ཆ་གཉིས་འཕར་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 04ཚེས་13ཉིན། 11:05】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
         མི་དམངས་དྲ་བའི་འཕྲིན། ཟླ་4ཚེས་11ཉིན་ཀྲུང་གོའི་སློབ་གསོའི་ཕྱི་རྒྱལ་དུ་སྤེལ་རེས་བྱེད་མཁན(ཤང་ཀང)ལྟེ་གནས་ཀྱི་ཀྲུའུ་རེན་ཀུང་དབན་གྱིས་འདི་ལོ“ནང་སའི་སློབ་ཆེན་ཁག་གཅིག་གིས་ཡིག་རྒྱུགས་གཏོང་མི་དགོས་པར་ཤང་ཀང་གི་སློབ་མ་བསྡུ་བའི་འཆར་གཞི”ལྟར་ནང་སའི་སློབ་ཆེན་དུ་སློབ་སྦྱོང་བྱེད་པར་ཡོང་རྒྱུའི་མིང་ཐོ་འགོད་མཁན་དུས་མཚུངས་ལས་20%འཕར་ཡོད་ཅེས་ཕྱིར་བསྒྲགས་བྱས་པ་རེད།
         ཡིག་རྒྱུགས་གཏོང་མི་དགོས་པར་སློབ་མ་བསྡུ་བའི་འཆར་གཞིའི་རེ་ཞུའི་ལས་དོན་གྱི་འགན་འཁུར་བ་ཀྲུང་གོའི་སློབ་གསོའི་ཕྱི་རྒྱལ་དུ་སྤེལ་རེས་བྱེད་མཁན(ཤང་ཀང)ལྟེ་གནས་ཀྱིས་མཁོ་འདོན་བྱས་པའི་གྲངས་གཞི་ལས་མངོན་གསལ། མིག་སྔའི་བར། ཐབས་ལམ་སྣ་ཚོགས་བརྒྱུད་ནང་སའི་སློབ་ཆེན་དུ་མིང་འགོད་རྒྱུགས་སྤྲོད་བྱེད་མཁན་ཤང་ཀང་སློབ་འབྲིང་གི་སློབ་ཐོན་སློབ་མ་9272ཟིན་པའི་ཁྲོད་ཡིག་རྒྱུགས་གཏོང་མི་དགོས་པའི་སློབ་མ་བསྡུ་བའི་འཆར་གཞིའི་ནང་ཞུགས་པའམ་གཏན་འཁེལ་བའི་སློབ་མ་3216ཡོད་པ་རེད།
         ད་དུང་གྲངས་གཞི་ལས་མངོན་གསལ། ཤང་ཀང་དང་། ཨའོ་མོན། ཐའེ་དབན་བཅས་ཀྱི་ཕྱིར་སྡོད་སློབ་མ་མཉམ་བསྡུའི་ཡིག་རྒྱུགས་ནང་མིང་ཐོ་འགོད་མཁན་ཤང་ཀང་གི་སློབ་མ་2585ཡོད་པ་དང་པེ་ཅིང་སློབ་ཆེན་དང་ཆིང་ཧྭ་སློབ་ཆེན་སོགས་སློབ་གླིང་དྲུག་སོ་སོའི་སློབ་བསྡུའི་འཆར་གཞི་གཞིར་བཟུང་དངོས་སུ་ཚུད་པའི་སློབ་མ་3471ཡོད་པ་རེད།
         ཀུང་དབན་གྱིས་སྐབས་འདིའི་ཤང་ཀང་སློབ་འབྲིང་གི་སློབ་ཐོན་ལག་ཁྱེར་གྱི་ཡིག་རྒྱུགས(ནང་སའི་མཐོ་རྒྱུགས་དང་གཅིག་པ་ཡིན་པ)ནང་ཞུགས་མཁན་མི་གྲངས་2600ཉུང་དུ་ཕྱིན་པ་དང་ཡིག་རྒྱུགས་གཏོང་མི་དགོས་པའི་སློབ་བསྡུའི་འཆར་གཞིའི་ནང་ཞུགས་མཁན་ཤང་ཀང་གི་སློབ་མ་20%འཕར་ཡོད་པ་དེ་ཤང་ཀང་གི་སློབ་མས་རྒྱལ་ཁབ་འཕེལ་རྒྱས་ཀྱི་མདུན་ལམ་ཡག་པོ་ཡོད་པ་དང་ནང་སའི་སློབ་ཆེན་གྱི་དངོས་ཤུགས་མཐོ་རུ་ཕྱིན་པ་ཤེས་རྟོགས་ཐུབ་པ་མ་ཟད་ཤང་ཀང་གི་སློབ་མ་ཚོས་ནང་སའི་སློབ་ཆེན་ལ་ཤེས་རྟོགས་ཐུབ་ཚད་ཀྱང་ཟམ་མི་ཆད་པར་མཐོ་རུ་ཕྱིན་པ་སོགས་ཀྱི་རྒྱུ་རྐྱེན་དང་འབྲེལ་བ་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།