འཚོལ་བཤེར།   
藏文频道
2018ལོའི་ཟླ་3ཚེས་21ཉིན།
  • མི་དམངས་དྲ་བ།

    ༄༅།།ལི་ཁེ་ཆང་གིས་ལམ་ལུགས་མང་པོ་བཀོལ་ཏེ"མི་གཅིག་ལ་ནད་གཞི་ལྕི་མོ་བྱུང་བ་ལས་ཁྱིམ་
    མི་ཡོངས་ལ་དཀའ་ངལ་འཕྲད་དུ་མི་འཇུག"ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 03ཚེས་21ཉིན། 15:53】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ལི་ཁེ་ཆང་གིས་ལམ་ལུགས་མང་པོ་བཀོལ་ཏེ'མི་གཅིག་ལ་ནད་གཞི་ལྕི་མོ་བྱུང་བ་ལས་ཁྱིམ་
མི་ཡོངས་ལ་དཀའ་ངལ་འཕྲད་དུ་མི་འཇུག'ཅེས་གསུངས་པ།
         མི་དམངས་དྲ་བའི་འཕྲིན། གསར་འགོད་པ་ཞིག་གིས་ཙུང་ལི་ལི་ཁེ་ཆང་ལ། ཉེ་བའི་ལོ་འགའི་རིང་ལ། རང་རྒྱལ་གྱི་སྨན་བཅོས་འཕྲོད་བསྟེན་སྒྱུར་བཅོས་ཐད་དུ་འཕེལ་རྒྱས་གསར་པ་བྱུང་ཡོད་མོད། འོན་ཀྱང་མི་གཅིག་གི་ནད་གཞི་ལྕི་མོ་ལས་ཁྱིམ་ཚང་ཡོངས་ལ་དཀའ་ངལ་འཕྲད་དུ་མི་འཇུག་བའི་ཚུལ་ད་དུང་འབྱུང་བཞིན་འདུག དེ་ཡིན་ཕྱིར། སྐབས་གསར་པའི་སྲིད་གཞུང་གིས་མང་ཚོགས་ཀྱི་ནད་གཞི་ཡིས་དབུལ་ཕོངས་སུ་འགྱུར་པའི་གནད་དོན་ཐད་ནས་བྱ་ཐབས་གསར་པ་གང་དག་ལག་ལེན་བསྟར་རྒྱུ་ཡིན་ནམ་ཞེས་དྲི་བ་བཏོན་པ་རེད།
         ཙུང་ལི་ལི་ཁེ་ཆང་གིས། འདས་ཟིན་པའི་ལོ་འགའི་ནང་དུ། ང་ཚོས་འབད་བརྩོན་ཆེན་པོ་བྱས་ཏེ་འདས་ཟིན་གྱི་རྨང་གཞི་ཐོག་གཞི་རྩའི་སྨན་བཅོས་འགན་བཅོལ་ལམ་ལུགས་འཐུས་ཚང་དུ་བཏང་ནས་འཛམ་གླིང་ཐོག་ཆེས་ཆེ་བའི་སྨན་བཅོས་འགན་བཅོལ་དྲ་བ་བཙུགས་ཡོད་ལ། འདི་ནི་མི་ཚང་མས་ནད་གཞི་ལྕི་ཡང་གང་བྱུང་ནའང་སྨན་པར་བསྟེན་ཐུབ་པ་བྱེད་པའི་ཆེད་དུ་ཡང་ཡིན། དུས་མཚུངས་སུ། ང་ཚོས་ཀྱང་ད་དུང་དཀའ་ངལ་ཅན་གྱི་ཁྱིམ་ཚང་ལ་ནད་གཞི་ལྕི་མོ་སྨན་པར་བསྟེན་མི་ཐུབ་པའི་གནས་ཚུལ་འདུག་པ་ཤེས་ཡོད། གོང་གསལ་གྱི་གནད་དོན་དེ་ནི་དཀའ་ངལ་ཅན་གྱི་ཁྱིམ་ཚང་ཁོ་ན་མ་ཡིན་ལ། ད་དུང་ཁྱིམ་ཚང་མང་པོ་ཞིག་གིས་སྤུས་ལེགས་སྨན་བཅོས་ཐོན་ཁུངས་ལོངས་སྤྱོད་བྱེད་ཐུབ་ཀྱི་མི་འདུག 
         སྨྱན་སྦྱོར་གསར་པས་རྒྱུན་དུ་གསར་འགོད་བྱེད་བཞིན་འདུག ཀྲུང་གོ་ཧ་ཅང་ཆེ་ལ། ང་ཚོར་ད་དུང་དབུལ་ཕོངས་མི་གྲངས་ཁྲི་3000ལྷག་ཙམ་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་དབུལ་སྒྲོལ་འགག་སྒྲོལ་ལ་ཚད་མཐོའི་མཐོང་ཆེན་བྱས་པ་ལས་འགག་སྒྲོལ་འབད་འཐབ་འདི་ཉིད་རྒྱལ་ཁ་ལེན་པར་སྤྱི་ཚོགས་ཡོངས་ལ་ཁས་ལེན་དམ་བཅའ་བཞག་ཡོད། དབུལ་ཕོངས་མི་འབོར་གྱི་ཁྲོད་དུ། མང་ཆེ་ཤོས་ནི་ནད་གཞི་ལྕི་བ་ལས་དབུལ་ཕོངས་གྱུར་བའམ། ཡང་ན་ནད་གཞི་ལྕི་མོ་ཕོག་པའི་རྒྱུ་མཚན་གྱིས་ཕྱིར་དབུལ་ཕོངས་གྱུར་བ་རེད། དེའི་ཕྱིར་དུ། ང་ཚོས་གཞི་རྩའི་སྨན་བཅོས་འགན་བཅོལ་སྲ་བརྟན་གཏོང་བའི་རྨང་གཞིའི་ཐོག ནད་གཞི་ལྕི་མོའི་གནད་དོན་གཙོ་བོ་གཟུང་རྒྱུ་ཡིན། ལོ་འདི་འགའི་རིང་ལ་ང་ཚོས་ལམ་ལུགས་གསར་གཏོད་བྱས་ནས། གཞི་རྩའི་སྨན་བཅོས་འགན་བཅོལ་དང་ཚོང་ལས་ཉེན་འགོག་འགན་ལེན་ཟུང་དུ་སྦྲེལ་ནས"གྲངས་ཆེ་ངེས་ལུགས"བཀོལ་ཏེ་མ་དངུལ་གྱི་ནུས་པ་ཇེ་ཆེར་གཏོང་བ་ལས་མི་མང་པོ་ལ་ནད་གཞི་ལྕི་མོའི་སྨན་བཅོས་འགན་བཅོལ་ལོངས་སུ་སྤྱོད་ཐུབ་པ་བྱས་པས། ན་ནིང་ལོར་མི་ཁྲི་1700ཟིན་ཡོད་པ་རེད། 
         ད་ལོར། ང་ཚོས་འདི་ཡི་ཕྱོགས་ནས་མུ་མཐུད་དུ་ནུས་ཤུགས་ཆེ་རུ་བཏང་སྟེ་ནོར་སྲིད་ཀྱིས་གཞི་རྩའི་སྨན་བཅོས་འགན་བཅོལ་གྱི་ཁ་གསབ་རོགས་སྐྱོར་མ་དངུལ་མཐོ་རུ་གཏོང་རྒྱུ་དང་། ཁ་གསབ་རོགས་སྐྱོར་མ་དངུལ་གྱི་ཕྱེད་ཀ་ཙམ་ནད་གཞི་ལྕི་མོ་རིགས་ལ་བཏང་ནས་ཉུང་མཐར་ཡང་མི་ཁྲི་2000ལྷག་ལ་ནད་གཞི་ལྕི་མོའི་འགན་བཅོལ་ཁེབས་ཐུབ་པར་བྱ་རྒྱུ་ཡིན་པ་མ་ཟད། ནད་གཞི་ལྕི་མོའི་རིགས་ཀྱི་འགན་བཅོལ་ཁྱབ་རྒྱ་ཆེ་རུ་གཏོང་རྒྱུ་ཡིན།
         ད་ལོའི་ལོ་གསར་གྱི་སྔོན་ལ། ང་རང་ས་གནས་སུ་རྟོག་ཞིབ་འཚམས་འདྲི་གནང་བར་སོང་མྱོང་། ལམ་བར་ནས་དབུལ་ཕོངས་ཁྱིམ་ཚང་ཞིག་ཏུ་སོང་བ་ཡིན། ཁྱིམ་ཚང་དེའི་བགྲེས་སོང་ལ་ནད་གཞི་ལྕི་མོ་ཞིག་ཕོག་འདུག་པ་མཐོང་། ཁོང་ཚང་ལ་སྨན་བཅོས་འགན་བཅོལ་གྱི་གཱ་ཡོད་ན་ཡང་། སྨན་པར་བསྟེན་ཐུབ་ཀྱི་མི་འདུག རྣམ་པ་འདི་ནི་ང་རང་གི་སེམས་ནས་ད་ལྟ་བར་དུ་ཡལ་ཐུབ་མ་སོང་། བདེན་པ་རེད། རྒྱུན་དུ་ནད་གཞི་བྱུང་ན་རི་བོ་ཉིལ་བ་ཞེས་བརྗོད་པར་ལྟར། ང་ཚོས་ནད་གཞི་ལྕི་མོའི་འགན་བཅོལ་སོགས་ཀྱི་ལམ་ལུགས་མང་པོ་སྤྱད་དེ་མི་གཅིག་ལ་ནད་གཞི་ལྕི་མོ་བྱུང་བ་ལས་ཁྱིམ་ཚང་ཡོངས་ལ་དཀའ་ངལ་འཕྲད་དུ་མི་འཇུག ཐུགས་རྗེ་ཆེ། ཞེས་དྲིས་ལན་བཏབ་པ་རེད། 
      

    ཕྱོགས་བསྡུས་གསར་འགྱུར།