འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་5ཉིན།
  • མི་དམངས་དྲ་བ།

    ༄༅།།གྲོང་གསེབ་འཕེལ་རྒྱས་བྱུང་ནས་གཞུང་ལམ་ཤར་གཏོང་ཐུབ་པ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 18:36】   (རྩོམ་སྒྲིག་འགན་འཁུར་པ། བསྟན་འཛིན།)

     
    ༄༅།།གྲོང་གསེབ་འཕེལ་རྒྱས་བྱུང་ནས་གཞུང་ལམ་ཤར་གཏོང་ཐུབ་པ།
         མི་དམངས་དྲ་བའི་འཕྲིན། སི་ཁྲོན་ཞིང་ཆེན་རྔ་བ་བོད་རིགས་ཆའང་རིགས་རང་སྐྱོང་ཁུལ་བཙན་ལྷ་རྫོང་གི་མེ་ཞིན་གྲོང་རྡལ་ཏ་པ་གྲོང་ཚོའི་གཞུང་ལམ་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་3000ལ་ཉེ་བར་ཡོད་པ་དང་། གཞུང་ལམ་ཀྱག་ཀྱོག་མང་ཞིང་། སྤྱི་ལེ་8.35གི་གཞུང་ལམ་མཁྲེགས་སྒྱུར་ལས་གྲྭ་ལག་བསྟར་བྱས་རྗེས། གྲོང་ཚོ་དེའི་མི་གྲངས་223གྱི་ཕྱིར་འགྲོ་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་བྱས་པ་རེད།
         ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། རྒྱལ་ཡོངས་སུ་གྲོང་གསེབ་ཀྱི་གཞུང་ལམ་སྤྱི་ལེ་ཁྲི་127.5གསར་བཟོ་བཅོས་སྐྲུན་བྱས་པ་དང་། 99.24%ཟིན་པའི་ཤང་དང་གྲོང་རྡལ་དང་98.34%ཟིན་པའི་སྒྲིག་ཁོངས་གྲོང་ཚོར་སྣུམ་ཞལ་གཞུང་ལམ་དང་ཨར་འདམ་གཞུང་ལམ་ཤར་གཏོང་བྱས་པས། གྲོང་གསེབ་ཀྱི“ཕྱིར་འགྲོ་སྐྱོད་དཀའ་བའི”གནད་དོན་ཐག་གཅོད་ནུས་ལྡན་བྱས་པ་རེད།
         དབུལ་ཕོངས་ས་ཁུལ་གཙོ་གནད་དུ་བཟུང་སྟེ་ཐོན་ཁུངས་ལམ་དང་། ཡུལ་སྐོར་ལམ། ཐོན་ལས་ལམ་བཅས་ཧ་ལམ་སྤྱི་ལེ་ཁྲི་4བསྒྱུར་བཀོད་འཛུགས་སྐྲུན་བྱས་པས།  ས་གནས་དེ་གའི་ཁྱད་ཆོས་ལྡན་པའི་ཐོན་ལས་ཁ་ཤས་བགྲོད་ལམ་ཤར་གཏོང་བྱུང་བའི་དབང་གིས་འཕེལ་རྒྱས་ཕྱིན་ཡོད། “བཞི་བཟང་གྲོང་གསེབ་ཀྱི་གཞུང་ལམ”གྱིས་གྲོང་གསེབ་སྔར་ལས་སྟོབས་ལྡན་དང་། ཞིང་པ་སྔར་ལས་ཕྱུག་འགྱུར། གྲོང་གསེབ་སྔར་ལས་མཛེས་སྡུག་ལྡན་པ་བཅས་སུ་འགྱུར་བར་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།