འཚོལ་བཤེར།   
藏文频道
2018ལོའི་ཟླ་2ཚེས་6ཉིན།
  • མི་དམངས་དྲ་བ།

    ༄༅།།ཕུ་བོས་རྒྱབ་ཏུ་ཁུར་ནས་ཁྱིམ་གསར་དུ་འགྲོ་བ།

    གསར་འགྱུར་སྤེལ་དུས།  【2018ལོའི་ཟླ་ 02ཚེས་05ཉིན། 16:59】   (རྩོམ་སྒྲིག་འགན་འཁུར་པ། མཁའ་འགྲོ།)

     
    ༄༅།།ཕུ་བོས་རྒྱབ་ཏུ་ཁུར་ནས་ཁྱིམ་གསར་དུ་འགྲོ་བ།
         མི་དམངས་དྲ་བའི་འཕྲིན། ལོ་9དང་ཕྱེད་ཀ་ཟིན་པའི་ཅི་ཅུའེ་ཅི་ཀྲུའུ་ཡིས་རང་ལོ་1དང་ཕྱེད་ཀ་ལས་མ་ཟིན་པའི་གཅུང་པོ་རྒྱབ་ཏུ་ཁུར་ཏེ་རི་ལམ་བགྲོད་ནས། དྲོད་ཚད་ཐིག་ལེ་འོག་གི་ཧྲེ་ཧྲི་ཏུའུ་བཅུ་གཅིག་ཟིན་པའི་ཁ་བའི་ཁྲོད་མདུན་དུ་བསྐྱོད་པ་དང་། ཨ་མས་ཧ་ཅང་ལྕི་བའི་སྨྱུག་མའི་སླེལ་པོ་ཁུར་ནས་ཅི་ཅུའེ་ཅི་ཀྲུའུ་ཡི་རྗེས་སུ་འགྲོ་བ་དང་། ཁང་པ་གསར་པར་བསྐྱལ་བའི་རླངས་འཁོར་གྱིས་ཁོང་ཚོ་ལམ་དུ་སྒུག་བཞིན་ཡོད་ཅིང་། ས་བབ་མཐོ་དམའི་ཁྱད་པར་སྨི་200ཙམ་ཡོད་པའི་རི་གསེབ་ཀྱི་ལམ་དུ་ཁོང་ཚོ་སྐར་མ་50ཙམ་བསྐྱོད་དགོས་པ་རེད། ད་ལྟ་སློབ་ཆུང་ལོ་རིམ་གསུམ་པར་སྐྱོད་བཞིན་པའི་ཅི་ཅུའེ་ཅི་ཀྲུའུ་གྱི་ཁྱིམ་དུ་བྱིས་པ་གསུམ་ཡོད་པ་ལས་ཁོ་པ་ནི་ཆེ་ཤོས་དེ་ཡིན་པ་རེད། ཕ་མ་དང་མཉམ་དུ་སི་ཁྲོན་ཞིང་ཆེན་ལིའང་ཧྲན་དབྱི་རིགས་རང་སྐྱོང་ཁུལ་ཡུའེ་ཞི་རྫོང་ཧྲན་ཀོ་ཤང་ཏཱ་པུའུ་གྲོང་དུ་འཚོ་བ་སྐྱེལ་བཞིན་ཡོད་པ་རེད། 
         གྲོང་ཚོ་འདི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་2800ཡོད་པ་དང་། ཁོར་ཡུག་སྡུག་ཅིང་། རྫོང་དང་བར་ཐག་ཀྱང་སྤྱི་ལེ་80ཡོད་པས། རླངས་འཁོར་དུ་སྡོད་དགོས་ན་ཆུ་ཚོད་5འགོར་གྱི་ཡོད། ས་གནས་དེ་གའི་དབུལ་སྒྲོལ་འགག་སྒྲོལ་དང་ཤར་ནུབ་བར་དུ་རོགས་སྐྱོར་ཇེ་ཟབ་ཏུ་བཏང་བ་དང་བསྟུན་ནས། གྲོང་ཚོ་མང་པོ་ཞིག་རྫོང་དང་ཐག་ཉེ་ཁུལ་དུ་གནས་སྤོས་བྱས་ཡོད་པ་རེད། ཅི་ཅུའེ་ཅི་ཀྲུའུ་ཡི་ཁྱིམ་ཚང་ནི་2014ལོར་དབུལ་སྒྲོལ་བྱས་པ་རེད། ཡིན་ནའང་། དབུལ་སྒྲོལ་གྱི་མིང་ཙམ་ལས་སྲིད་ཇུས་དོན་འཁྱོལ་མ་བྱུང་ཞིང་། ད་ལྟ་སྲིད་གཞུང་གིས་ཁོང་ཚོའི་ཁྱིམ་ལ་སྒོར་ཁྲི་3སྤྲད་དེ་ཁང་པ་གསར་པ་བསྐྲུན་རྒྱུའི་ཁ་གསབ་མ་དངུལ་མ་འགྱངས་པར་ལག་ཏུ་འབྱོར་གྲབས་ཡོད། ཅི་ཅུའེ་ཅི་ཀྲུའུ་ཡི་ཨ་ཕས་ཏཱ་པུའུ་གྲོང་ཚོ་གསར་པར་ས་ཆ་འཚོལ་བཞིན་ཡོད་པ་རེད། སྔོན་བརྩིས་བྱས་ན་ད་ལོར་ཁང་པ་གསར་པའི་ནང་དུ་སྤོ་ཐུབ་ཀྱི་ཡོད་པ་རེད། 
    ༄༅།།ཕུ་བོས་རྒྱབ་ཏུ་ཁུར་ནས་ཁྱིམ་གསར་དུ་འགྲོ་བ།
      

    ཕྱོགས་བསྡུས་གསར་འགྱུར།