འཚོལ་བཤེར།   
藏文频道
2016ལོའི་ཟླ་3ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།འཐུས་མི་སྐལ་བཟང་སྒྲོལ་དཀར་གྱིས་བོད་ཀྱི་བུད་མེད་ཚོས་ས་མཐོའི"གནམ་ཕྱེད་ཀ་
    འདེགས་ཀྱི་ཡོད"ཅེས་གསུངས་པ།

    གསར་འགྱུར་སྤེལ་དུས།  【2016ལོའི་ཟླ་ 03ཚེས་10ཉིན། 08:42】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་3ཚེས་8ཉིན་ནི“རྒྱལ་སྤྱིའི་བུད་མེད་དུས་ཆེན”ཡིན་ཞིང་། ཉིན་དེར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་བོད་ལྗོངས་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་རྔ་ཆེན་ཤང་དར་དམར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་དང་པོ་སྐལ་བཟང་སྒྲོལ་དཀར་གྱིས་གསར་འགོད་པའི་བཅར་འདྲི་དང་ལེན་གནང་སྐབས། བོད་རང་སྐྱོང་ལྗོངས་དབུ་བརྙེས་ཚུན་བོད་ཀྱིས་བུད་མེད་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་བུད་མེད་ལས་དོན་ལ་གཏོང་ཆ་གཏོང་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། ད་ཆ་བོད་ཀྱི་བུད་མེད་རྣམས་ཀྱིས་སྔར་ན་མེད་པའི་སྤྱི་ཚོགས་ཀྱི་གནས་བབ་དང་ཁེ་དབང་ལོངས་སུ་སྤྱོད་བཞིན་ཡོད་པ་མ་ཟད། ཁོང་ཚོ་བོད་ཀྱི་ལས་རིགས་ཁག་གི་གཙོ་ཤུགས་དམག་དང་ས་མཐོའི“གནམ་ཕྱེད་ཀ”འདེགས་མཁན་ལ་གྱུར་ཡོད།
          “བོད་རྙིང་པར་བུད་མེད་ལ་གནས་བབ་མེད་པ་དང་། སློབ་གསོའི་དབང་ཆ་དང་གཉེན་སྒྲིག་གི་དབང་ཆ་ལོངས་སུ་སྤྱོད་དབང་མེད་ལ་རྒྱལ་ཁབ་ཀྱི་དོན་དག་ལ་ཐུན་མོང་ཐོག་གྲོས་བསྡུར་བྱ་རྒྱུ་ནི་དེ་བས་ཀྱང་མེད”ད་ཆ་བོད་ཀྱི་རྒྱ་ཆེའི་བུད་མེད་ཚོར་སྲིད་ཞུགས་སྲིད་གྲོས་དང་། སློབ་གསོ། གཉེན་སྒྲིག་སོགས་ཀྱི་དབང་ཆ་སྣ་ཚོགས་ཡོད་པ་མ་ཟད་དེར་བཅའ་ཁྲིམས་ཀྱི་སྲུང་སྐྱོང་ཡང་བྱེད་ཀྱི་ཡོད་ཅེས་སྐལ་བཟང་སྒྲོལ་དཀར་གྱིས་ངོ་སྤྲོད་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།