འཚོལ་བཤེར།   
藏文频道
2015ལོའི་ཟླ་12ཚེས་4ཉིན།
  • མི་དམངས་དྲ་བ།

    ༄༅།།ཨ་མེ་རི་ཁའི་ཁ་ལི་ཧྥུ་ནི་ཡ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་14རྐྱེན་ལམ་དུ་
    ཤོར་བ་དང་མི་14ལ་རྨས་སྐྱོན་ཕོག་ཡོད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 12ཚེས་03ཉིན། 14:42】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
    ༄༅།།ཨ་མེ་རི་ཁའི་ཁ་ལི་ཧྥུ་ནི་ཡ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་14རྐྱེན་ལམ་དུ་
ཤོར་བ་དང་མི་14ལ་རྨས་སྐྱོན་ཕོག་ཡོད་པ།
         མི་དམངས་དྲ་བའི་འཕྲིན། ས་གནས་དེ་གའི་དུས་ཚོད་2015ལོའི་ཟླ་12ཚེས་2ཉིན། ཨ་མེ་རི་ཁའི་ཁ་ལི་ཧྥུ་ནི་ཡ་ཀྲོའུ་ཡི་ཧྲེང་པེ་ན་ཏི་ནུའོ་(San Bernardino)རུ་མ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་ཉུང་མཐའ་ཡང་མི་14རྐྱེན་ལམ་དུ་ཤོར་བ་དང་མི་14ལ་རྨས་སྐྱོན་ཕོག་པ་རེད། འདི་ནི་ཨ་མེ་རི་ཁར་གཟའ་འཁོར་གཅིག་ནང་བྱུང་བའི་གཞི་ཁྱོན་ཆེ་བའི་འཇབ་རྒོལ་དོན་རྐྱེན་ཐེངས་གཉིས་པ་རེད། 
         ས་གནས་དེ་གའི་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པས་བཤད་པ་ལྟར་ན། མི་3གྱིས་མེ་མདའ་བརྒྱབ་ཡོད་ལ་ཁོ་པ་ཚོས་མཚོན་ཆ་སྣ་ཚོགས་ཁྱེར་ཡོད་པ་མ་ཟད་ད་དུང་མདེའུ་འགོག་གྱོན་ཆས་ཡང་ཕལ་ཆེར་གྱོན་ཡོད་པ་རེད། ཨ་རིའི་རྒྱལ་ཕྲན་མཉམ་འབྲེལ་བརྟག་དཔྱད་ཅུས་(FBI)ལོ་ཧྲན་ཅིའི་ཀྲུའུ་རེན་གཞོན་པས་David Bowdichམིག་སྔར་ཁ་ལི་ཧྥུ་ནི་ཡ་ཀྲོའུ་ཡི་མེ་མདའ་བརྒྱབ་ནས་མི་བསད་པའི་དོན་རྐྱེན་དེ་འཇིགས་སྐུལ་འཇབ་རྒོལ་ཡིན་མིན་མི་གསལ་བ་རེད་ཅེས་བསྟན་པ་རེད། ས་གནས་དེ་གའི་ཉེན་རྟོག་འགོ་འཛིན་Jarrod Burguanཡིས་ལག་དམར་དེ་ཚོ་མིག་སྔར་ད་རུང་ཁྲིམས་འོག་ཏུ་འདུས་མེད་པ་དང་། ཉེན་རྟོག་ཕྱོགས་ཀྱིས་དོན་རྐྱེན་བྱུང་ཡུལ་དངོས་ནས་བྲོས་པའི་SUVཅན་གྱི་རླངས་འཁོར་ནག་པོ་ཞིག་འཚོལ་ཞིབ་བྱེད་བཞིན་ཡོད་ཅེས་བརྗོད་པ་རེད།
    【1】  【2】  【3】  【4】  【5】  【6】  【7】  【8】
    ༄༅།།ཨ་མེ་རི་ཁའི་ཁ་ལི་ཧྥུ་ནི་ཡ་ཀྲོའུ་རུ་མེ་མདའ་བརྒྱབ་པའི་དོན་རྐྱེན་བྱུང་ནས་མི་14རྐྱེན་ལམ་དུ་
ཤོར་བ་དང་མི་14ལ་རྨས་སྐྱོན་ཕོག་ཡོད་པ།
      

    ཕྱོགས་བསྡུས་གསར་འགྱུར།