འཚོལ་བཤེར།   
藏文频道
2015ལོའི་ཟླ་9ཚེས་17ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་མ་བཏང་བའི་སྐོར།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 09ཚེས་17ཉིན། 15:02】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         རི་ཚོགས་མང་པོ་ལས་ཧི་མ་ལ་ཡ་གྲུབ། ཆུ་ཕྲན་མང་པོ་ལས་ཡར་ཀླུང་གཙང་པོ་ཆགས། བོད་ཀྱི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་གྱིས་མཐུན་སྒྲིལ་འབད་འཐབ་བྱས་པ་བརྒྱུད། གངས་ལྗོངས་ས་མཐོའི་འོད་སྟོང་འབར་བའི་ད་ལྟ་བྱུང་།
         བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བའི་རྟེན་འབྲེལ་ཚོགས་ཆེན་ཐོག་ཀྲུང་དབྱང་སྐུ་ཚབ་ཚོགས་པས་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གི་ཕྱག་བྲིས་ཕྱག་བསྟར་མ“མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་བྱེད་དགོས”ཞེས་པའི་བཀྲ་ཤིས་སྒོ་བན་གནང་།
         ཡིག་འབྲུ་དེ་དག་གངས་ལྗོངས་ས་མཐོའི་གྲོང་ཁྱེར་དང་གྲོང་གསེབ་ལ་ཁྱབ་པ་དེ་ནི་སྨོན་འདུན་རེད་ལ་རེ་བ་ཡང་རེད། མི་རིགས་མཐུན་སྒྲིལ་ནི་བོད་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་བརྟན་ལྷིང་གི་རྨང་གཞི་ཡིན་ལ། གངས་ལྗོངས་ས་མཐོའི་མི་རིགས་ཁག་གི་བུ་ཕྲུག་ཁྲི་300ལྷག་ཙམ་གྱི་ཚེ་སྲོག་ཀྱང་རེད།
         ཀྲུང་ཧྭ་མི་རིགས་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་མི་རིགས་མཐུན་སྒྲིལ་ཡར་རྒྱས་དྲིལ་བསྒྲགས་སློབ་གསོ་དང་གཏོད་པའི་བྱེད་སྒོ་རྒྱ་ཁྱབ་སྤེལ་བས་མི་རིགས་ཁག་དབུགས་ལམ་གཅིག་གྱུར་དང་། སྐྱིད་སྡུག་མཉམ་མྱོང་། གཅིག་སེམས་གཅིག་སྒྲིལ་བཅས་ཀྱི་གཟི་བརྗིད་ལྡན་པའི་སྲོལ་རྒྱུན་མི་རབས་ནས་མི་རབས་བར་རྒྱུན་འཛིན་བྱེད་ཐུབ་པ་བྱུང་བ།
         སྟོན་འགོའི་ལྷ་སར་གྲང་ཟུག་སླེབས་འགོ་ཚུགས། དགོང་དྲོའི་ཆུ་ཚོད་དགུ་པ་ཙམ་ལ་དངོས་ལྗོངས་འཁྲབ་གཞུང་ཆེ་གྲས་《ཝུན་ཤིང་ཀོང་ཇོ་》ཞེས་པ་ལྷ་སའི་སྐྱིད་ཆུའི་ལྷོ་ངོགས་ཀྱི་ཚེ་མཆོག་གླིང་བོད་ལྗོངས་རིག་གནས་ཡུལ་སྐོར་བློ་གསར་ལྡུམ་ཁུལ་དུ་འཁྲབ་འགོ་ཚུགས། ཐང་རྒྱལ་རབས་ཀྱི་ཝུན་ཤིང་ཀོང་ཇོ་འཁྲུག་ཆ་དོད་པའི་ཁྲང་ཨན་ནས་ཁ་བྲལ་ཏེ་གངས་རི་དང་གཙང་ཆུ་བརྒལ་ཏེ་གངས་ལྗོངས་ས་མཐོའི་ལྷ་སར་བསྐྱོད་ནས་ཐང་རྒྱལ་རབས་དང་བཙན་པོའི་གཉེན་སྒྲིག་དང་མནའ་ཤག་སྒྲིག་འགོ་ཚུགས་ནས་བོད་རྒྱ་ཁྲག་རྒྱུད་འདྲེས་འགོ་ཚུགས།
         ད་ལྟ་མི་རིགས་མཐུན་སྒྲིལ་གྱི་ལོ་རྒྱུས་བོད་རྒྱ་མི་དམངས་ཐུན་མོང་གི་ལོ་རྒྱུས་དྲན་ཤེས་ཡིན་པའི་ཐོག་ནས་ཀྲུང་ཧྭ་མི་རིགས་ཐུན་མོང་གི་ཁྲག་རྒྱུན་ནང་འདྲེས་ཡོད། དུས་རབས་གསར་པར་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱིས་རང་ཉིད་ཀྱི་མིག་འབྲས་ལ་གཅེས་སྐྱོང་བྱེད་པ་བཞིན་མི་རིགས་མཐུན་སྒྲིལ་ལ་གཅེས་སྐྱོང་དང་རང་ཉིད་ཀྱི་ཚེ་སྲོག་ལ་བརྩི་མཐོང་བྱེད་པ་ལྟར་མི་རིགས་མཐུན་སྒྲིལ་ལ་བརྩི་མཐོང་བྱས་ནས་མི་རིགས་མཐུན་སྒྲིལ་གྱི་བསྟོད་གླུ་ཡང་ཡང་བརྩམས།
         2011ལོའི་ཟླ་བཅུ་པ་ནས་བཟུང་བོད་ཀྱིས་ལས་བྱེད་པ་ཁག་བཞི་དང་མི་གྲངས་ཁྲི་བརྒྱད་ལྷག་ཙམ་རིམ་གྱིས་གྲོང་ཚོ་5464ལ་མངགས་གཏོང་བྱས་ནས་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་། མཉམ་དུ་སློབ་སྦྱོང་། མཉམ་དུ་ངལ་རྩོལ་བྱེད་པ་དང་། ཕན་ཚུན་སྙིང་གཏམ་ཤོད་པ་དང་བསམ་འཆར་ཉན་པ། མཉམ་དུ་ཕྱུག་འགྱུར་ཐབས་ལམ་འཚོལ་བ། མང་ཚོགས་ལ་དོན་དངོས་སྒྲུབ་པ་དང་དཀའ་གནད་སེལ་ཏེ། གཞི་རིམ་མང་ཚོགས་དང་བརྩེ་བ་ཟབ་མོ་ཆགས་ནས་མི་རིགས་མཐུན་སྒྲིལ་གྱི་རྨང་གཞི་བརྟན་དུ་བཏང་ཡོད།
         ཕུགས་འཕེར་གྱི་ཇུས་གཞི་འདིང་བ་དང་རྩ་བ་བརྟན་ཚུགས་ཀྱི་བྱ་ཐབས་སྤྱོད།
         བོད་དུ་ད་ལྟ་མི་འབོར་ཁྲི་317ཡོད་པའི་ནང་བོད་རིགས་དང་། ཧུའེ་རིགས། མོན་པ་རིགས། ལྷོ་པ་རིགས་སོགས་མི་རིགས་40ལྷག་ཙམ་ཡོད་ཅིང་། དེའི་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་95.74%བཟུང་ཡོད། “བོད་ཀྱི་བྱ་བ་ཚང་མ་མི་རིགས་ལས་དོན་དང་འབྲེལ་བ་ཡོད་པ་དང་བོད་ཀྱི་ལས་དོན་ཐམས་ཅད་མི་རིགས་མཐུན་སྒྲིལ་ལ་བསམ་གཞིག་བྱེད་དགོས”བོད་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་མི་རིགས་མཐུན་སྒྲིལ་དེ་སྒྱུར་འཕེལ་བརྟན་གསུམ་གྱི་ཕྱོགས་ཡོངས་ཀྱི་འཐབ་ཇུས་ཐོག་ནས་མཐོང་ཆེན་བྱེད་ཀྱི་ཡོད་པ་སྟེ།
         —— 《〈དུས་བབ་གསར་པའི་འོག་མི་རིགས་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་ཀྲུང་གུང་ཀྲུང་དབྱང་དང་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་བསམ་འཆར་〉ལག་བསྟར་དོན་འཁྱོལ་བྱ་རྒྱུའི་སྐོར་གྱི་ལག་བསྟར་བསམ་འཆར་》བཟོས་པ་དང་མི་རིགས་ལས་དོན་གྱི་ལམ་སྲོལ་བཙུགས་ཡོད།
         —— མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོར་ཤུགས་སྣོན་བརྒྱབ་སྟེ་འདྲེན་གཞི་མང་པོར་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་དྲིལ་བསྒྲགས་སློབ་གསོ་དེ་ལས་ཁུངས་དང་། ཁེ་ལས། གྲོང་གསེབ། སྡེ་ཁུལ། སློབ་གྲྭ དམག་སྒར། དགོན་སྡེ་བཅས་སུ་ཁྱབ་རྒྱུར་སྐུལ་འདེད་བཏང་ཡོད།
         —— མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་ཚན་པ་དང་། དཔེ་སྟོན་ས་ཚིགས། དཔེ་སྟོན་སློབ་གླིང་བཅས་གཏོད་པའི་བྱེད་སྒོ་གཏིང་ཟབ་སྤེལ་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་བཟང་དཔྱད་འདེམས་བྱེད་སྒོ་སྤེལ་ནས་ཚང་མས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་དང་མི་ཚང་མས་མི་རིགས་མཐུན་སྒྲིལ་ལ་ལེགས་སྐྱེས་འབུལ་བའི་དར་སྲོལ་བཟང་པོ་ཆགས་ཡོད། 2012ལོ་ནས་བཟུང་ལྗོངས་ཡོངས་སུ་ཁྱོན་བསྡོམས་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་མཉམ་སྡེབ་3005དང་སྔོན་ཐོན་མི་སྒེར་4218ལ་གཟེངས་བསྟོད་བྱས་ཡོད།
         —— བོད་རྒྱ་དང་། ཧུའེ་བོད། མེའོ་རྒྱ། སོག་བོད། ཧུའེ་རྒྱ་སོགས་མི་རིགས་མི་འདྲ་བའི་དབར་གཉེན་སྒྲིག་བྱེད་པའི་ཁྱིམ་ཚང་འཐུས་མིའི་བཞུགས་མོལ་ཚོགས་འདུ་འཚོགས་ཏེ། སྤྱི་ཚོགས་ཧྲིལ་པོར་མི་རིགས་མི་འདྲ་བའི་བར་གཉེན་སྒྲིག་ལ་སྐུལ་མ་དང་རྒྱབ་སྐྱོར་བྱེད་པའི་རྣམ་པ་ཟབ་མོ་ཆགས་ཏེ་མི་རིགས་དབར་གྱི་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་བཏང་ཡོད།
         ཆུ་ཕྲན་ཐམས་ཅད་གཙང་ཆུར་བབས།
          དྲག་ཆར་རླུང་འཚུབ་ཀྱི་ཚོད་བགམ་བརྒྱུད་པ་དང་མཐུན་སྒྲིལ་གྱི་སྟོབས་ཤུགས་གཅིག་ཏུ་འདུས་ན་དཀའ་ངལ་མཐའ་དག་ལས་རྒྱལ་མི་ཐུབ་པ་མེད། ཏང་གི་འགོ་ཁྲིད་འོག་བོད་ཀྱི་མི་རིགས་ཁག་གི་མི་དམངས་ཀྱིས་མི་རིགས་མཐུན་སྒྲིལ་ལ་གཅེས་སྤྲས་དང་མི་རིགས་མཐུན་སྒྲིལ་གྱི་དཔེ་བཟང་བརྩོན་ལེན་བྱེད་པའི་རྣམ་པ་ཟབ་མོ་ཆགས་ཡོད། འཛམ་གླིང་ཡང་རྩེའི་ཐོག་འཚོ་བ་སྐྱེལ་མཁན་གྱི་མི་རིགས་ཁག་གི་མང་ཚོགས་ཀྱིས“མི་རིགས་མཐུན་སྒྲིལ་ཆེ་བ་དང་མི་རིགས་ཁག་གི་མི་དམངས་དབར་ཕན་ཚུན་བརྩེ་བ་ཟབ་པས་འཚོ་བ་འཆམ་མཐུན་དང་བདེ་སྐྱིད་ཡིན་པ”གཏིང་ཟབ་ཚོར་གྱི་ཡོད།
         མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མི་རིགས་ཁག་གི་མང་ཚོགས་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རམ། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་བཅས་ལ་སྐུལ་འདེད་དང་། མི་རིགས་ཁག་དབར་ཕན་ཚུན་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་བཏང་བ།
         བོད་དུ་མི་རིགས་མང་པོའི་ལས་བྱེད་མང་ཚོགས་གཅིག་ཏུ་འདུས་པའི་སྡེ་ཁུལ་ཧ་ཅང་མང་པོ་ཡོད་པ་དེ་དག་གིས“རྒྱ་རིགས་དང་གྲངས་ཉུང་མི་རིགས་ཁ་འབྲལ་ཐབས་མེད་པ་དང་། གྲངས་ཉུང་མི་རིགས་དང་རྒྱ་རིགས་ཁ་འབྲལ་ཐབས་མེད་པ། གྲངས་ཉུང་མི་རིགས་དབར་ཕན་ཚུན་ཁ་འབྲལ་ཐབས་མེད་པའི”ནང་དོན་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་གྱི་ཡོད།
         གྲོལ་མ་ཐག་པའི་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་སྤྱི་ཁྱབ་ཧྲུའུ་ཅི་ཞིས་ཅིན་ཕིང་གིས་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་ཆེན་པོ་བརྒྱབ་པ་དང་། མི་རིགས་ཁག་གི་མང་ཚོགས་དབར་ཕན་ཚུན་ཤེས་རྟོགས་དང་། ཕན་ཚུན་རོགས་རམ། ཕན་ཚུན་མྱོང་རོལ། ཕན་ཚུན་སློབ་སྦྱོང་བཅས་ལ་སྐུལ་འདེད་གཏོང་དགོས། ཀྲུང་ཧྭ་མི་རིགས་ཀྱི་ཐུན་མོང་འདུས་གྲུབ་ཀྱི་འདུ་ཤེས་ཆགས་པ་བྱས་ནས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དྲིལ་བསྒྲགས་སློབ་གསོ་དང་གཏོད་པའི་བྱེད་སྒོ་རྒྱ་ཆེར་སྤེལ་དགོས་ཞེས་ནན་བཤད་གནང་ཡོད།
         ཉེ་བའི་ལོ་ཤས་རིང་། བོད་ཀྱི་ས་ཁུལ་ཡོངས་སུ“ཏང་ཡོན་ལས་བྱེད་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་དེ་ཆ་སྒྲིག་གཉེན་འཚོལ་དང་གྲོགས་པོ་སྒྲིག་པའི”བྱེད་སྒོ་རྒྱ་ཁྱབ་ངང་སྤེལ་ཡོད། ལྗོངས་ཡོངས་ཀྱི་ཏང་ཡོན་ལས་བྱེད་པ་ཁྲི་4ལྷག་ཙམ་གྱིས་ཞིང་འབྲོག་མང་ཚོགས་དུད་ཚང་ཁྲི་6ལྷག་ཙམ་དང་ཆ་སྒྲིག་གཉེན་འཚོལ་བྱས་ནས་ཁྱིམ་དུ་བསྐྱོད་ནས་འཚམས་འདྲི་བྱེད་པ་དང་། བསམ་འཆར་ཉན་པ། གནད་དོན་ཐག་གཅོད་བྱེད་པ། བྱ་བ་དངོས་དང་བྱ་བ་བཟང་པོ་ཁག་ཁྲི་3ལྷག་ཙམ་བསྒྲུབས་ནས་མི་རིགས་ཁག་གི་མང་ཚོགས་དབར་གཉེན་ཉེ་ལྟ་བུའི་བརྩེ་དུང་ཟབ་མོ་ཆགས་ཡོད།
         མི་རིགས་མཐུན་སྒྲིལ་ནི་ལོ་རྒྱུས་ཀྱིས་བཞག་པའི་རྩ་ཆེའི་ཤུལ་བཞག་ཡིན་པ་དང་། ལོ་རྒྱུས་ཀྱི་འགོ་འཛུགས་ས་གསར་པའི་ཐོག་ནས་མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་འགན་ལེན་བྱ་རྒྱུ་ཕྱོགས་སྟོན་དུ་བྱེད་པའི་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་རྒྱུན་ཆད་མེད་པར་བཏོན་ཏེ། མི་རིགས་མཐུན་སྒྲིལ་སྲུང་སྐྱོང་དང་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་བ་སྟེ།
         —— མི་རིགས་སྲིད་ཇུས་ཀྱི་ཁྲིམས་སྲོལ་བཙུགས་པ་དང་འཐུས་ཚང་དུ་བཏང་བ། བོད་ཀྱིས་ས་གནས་རང་བཞིན་གྱི་ཁྲིམས་སྲོལ་དང་ཁྲིམས་སྲོལ་གྱི་ངོ་བོ་ལྡན་པའི་གྲོས་ཆོད་གཏན་འབེབས་290ལྷག་ཙམ་བཟོས་ནས་བཏོན་པ་དང་། རྒྱལ་ཡོངས་རང་བཞིན་གྱི་བཅའ་ཁྲིམས་མང་པོར་བོད་ཀྱི་དོན་དངོས་དང་མཐུན་པའི་ལག་བསྟར་བྱ་ཐབས་བཟོས་པས། བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པ་དང་ཅུང་འཐུས་སྒོ་ཚང་བའི་མི་རིགས་སྲིད་ཇུས་དང་ཁྲིམས་སྲོལ་མ་ལག་ཆགས་ཡོད།
         —— མི་རིགས་ཁག་གི་མི་དམངས་ཀྱི་དམངས་གཙོའི་ཁེ་དབང་འགན་ལེན་གང་ལེགས་བྱས་པ། མིག་སྔར་རང་སྐྱོང་ལྗོངས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་70%བཟུང་བ་དང་། རང་སྐྱོང་ལྗོངས་དང་། ས་ཁུལ(གྲོང་ཁྱེར) རྫོང(ཆུས) ཤང་གྲོང་བཅས་མི་དམངས་འཐུས་ཚོགས་ཀྱི་འཐུས་མིའི་ནང་གྲངས་ཉུང་མི་རིགས་ཀྱི་འཐུས་མིས་89%ཡན་བཟུང་ཡོད།
         —— མི་འབོར་ཅུང་ཉུང་བའི་མི་རིགས་ཁེ་དབང་སྲུང་སྐྱོང་ཏན་ཏིག་བྱས་པ། མི་འབོར་ཅུང་ཉུང་བའི་མི་རིགས་འདུས་སྡོད་ཁུལ་དུ་མི་རིགས་རང་སྐྱོང་ཤང་9བཙུགས་ཡོད། སྒོར་དུང་ཕྱུར་11བཏང་ནས་མཐའ་དར་དམངས་ཕྱུག་གི་རྣམ་གྲངས་1600ལྷག་ཙམ་དོན་འཁྱོལ་བྱས་པས། མཐའ་མཚམས་ས་ཁུལ་གྱི་མི་འབོར་ཅུང་ཉུང་བའི་མི་རིགས་མང་ཚོགས་ཀྱི་འགྲོ་སྐྱོད་དང་། འཐུང་ཆུ། སྡོད་ཁང་། གློག་བཞུ། སློབ་གྲྭར་འགྲོ་བ། སྨན་པ་བསྟེན་པ། འབབ་འཕར་སོགས་ཀྱི་དཀའ་གནད་ནུས་ལྡན་ངང་སེལ་བ་དང་གྲངས་ཉུང་མི་རིགས་ཁག་གིས་མེས་རྒྱལ་ཁྱིམ་ཚང་ཆེ་མོའི་དྲོ་སྐྱིད་གང་ལེགས་ཚོར་ཡོད།
         —— མི་རིགས་ལས་བྱེད་པའི་ཤེས་ལྡན་མི་སྣའི་དཔུང་ཁག་འཛུགས་སྐྱོང་ལ་དམ་འཛིན་ཡག་པོ་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་ཡུན་རིང་བདེ་འཁོད་ཡོང་ཆེད་རྩ་འཛུགས་ཀྱི་འགན་ལེན་དང་ཤེས་ལྡན་མི་སྣའི་འདེགས་སྐྱོར་བྱས་ཡོད། ལྗོངས་ཡོངས་ཀྱི་རྫོང་(གྲོང་ཁྱེར་དང་ཆུས)74ཡི་ཏང་སྲིད་འགན་འཁུར་བ་གཙོ་བོའི་ནང་བོད་རིགས་ལས་བྱེད་པ་80ལྷག་ཙམ་ཡོད་པ་དང་རིམ་ཁག་ཏང་སྲིད་ལས་ཁུངས་ནང་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་ལས་བྱེད་པའི་བསྡུར་གྲངས་70%ཡན་བཟུང་ཡོད།
         ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་བརྗོད་དོན་གཙོ་བོ་མཐའ་འཁྱོངས་བྱས་ནས། མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་བྱེད་པའི་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ།
          དགུང་སྔོན་འོག་ཏུ་གངས་དཀར་ཏི་སེ་འགྱིང་ངེར་གནས་པ་དང་། མ་ཕམ་གཡུ་མཚོ་དྭངས་ཤིང་གཙང་བ། གཙོད་ཁྱུ་དང་ཁྱུ་རྩྭ་ཐང་ཐོག་དལ་པོར་རྒྱུག་པ་འདི་ནི་《གངས་ལྗོངས་མངའ་རིས་》ཞེས་པའི་དེབ་དེའི་ཁ་ཤོག་རེད། རྩོམ་པ་པོ་ནི་ཧྲའན་ཤིས་ཞིང་ཆེན་གྱི་བོད་སྐྱོར་ལས་བྱེད་ཁག་དྲུག་པ་ཞེ་ཨེན་ཀྲུའུ་ཡིན་པ་དང་ཁོང་གིས་དེབ་དེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་50འཁོར་བར་ཕྱག་རྟགས་སུ་ཕུལ་བ་རེད།
         2010ལོའི་ཟླ་7ནས་2013ལོའི་ཟླ་7པ་བར་ཞེ་ཨེན་ཀྲུའུ་མངའ་རིས་ས་ཨུད་དྲིལ་བསྒྲགས་པུའུ་རུ་ལས་ཀ་བྱས་པ་དང་། བོད་སྐྱོར་བྱེད་རིང་ཁོང་གིས་མངའ་རིས་ཀྱི་བོད་རིགས་ལས་བྱེད་མང་ཚོགས་དང་མཉམ་ཟ་མཉམ་སྡོད་དང་མཉམ་དུ་ངལ་རྩོལ་བྱེད་པ་དང་། མཉམ་དུ་ཕྱུགས་འཚོ་བ། མཉམ་དུ་མཐའ་མཚམས་སྲུང་བ། མཉམ་དུ་མེས་རྒྱལ་མཐའ་མཚམས་འཛུགས་སྐྲུན་བཅས་བྱས་ཡོད། ཁོང་གིས་རྒྱ་སྐད་མི་ཤེས་པའི་བོད་རིགས་གྲོང་མིར་གསར་བརྗེའི་གླུ་གཞས་བསླབ་པ་དང་ཐག་རིང་འབྲོག་རར་བསྐྱོད་ནས་ཚོགས་ཆེན་བཅོ་བརྒྱད་པའི་དགོངས་དོན་སྒྲོག་འགྲེལ་བྱས་ཡོད། དྭངས་གཙང་གྱི་མཁའ་དབྱིངས་འོག་ལྷག་བསམ་རྣམ་དག་གིས་སྤེལ་རེས་བྱས་པས་ས་གཞི་ཆེན་པོ་དེར་ཁོང་གིས་ལྷག་པར་གཅེས་པར་གྱུར།
         “མཐུན་སྒྲིལ་ཁྱད་པར་ཐུབ་པ”ཞེས་པ་དེ་བོད་སྐྱོད་ལས་བྱེད་པ་མི་རབས་འགས་སེམས་ནུས་དང་ཚེ་སྲོག་གིས་བཏོད་པའི“བོད་སྐྱོད་པ་རྒན་གྲས་ཀྱི་སྙིང་སྟོབས”ནང་གི་ཚིག་དུམ་ཞིག་རེད། དེང་སྐབས་དུས་སྐབས་གསར་པའི་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་པའི་ལུས་ཐོག་ནས་ཀྱང་གསོན་ཉམས་ལྡན་པའི་སྒོ་ནས་མཚོན་གྱི་ཡོད།
         བརྟན་ལྷིང་གི་ཁོར་ཡུག་བཟང་པོ་ཡོད་ཚེ། མི་རིགས་ཁག་གི་མི་དམངས་ཚོས་གཞི་ནས་བློ་རྩེ་གཅིག་སྒྲིམ་གྱིས་འཕེལ་རྒྱས་དོན་གཉེར་དང་བློ་རྩེ་གཅིག་སྒྲིམ་ངང་འབྱོར་འབྲིང་དུ་སྐྱོད་ཐུབ། བོད་ཀྱི་དཔལ་འབྱོར་འཕར་བའི་མྱུར་ཚད་ལོ་བསྟུད་མར་གྲངས་གནས་གཉིས་ཡན་རྒྱུན་འཁྱོངས་ཐུབ་པ་དང་དཔལ་འབྱོར་བསྡོམས་འབོར་ལོ་བསྟུད་མར་སྒོར་དུང་ཕྱུར་བརྒྱ་ཡི་སྐས་རིམ་ལས་བརྒལ་ཡོད། 2014ལོར་བོད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་22016དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཐུབ་པའི་ཡོང་འབབ་སྒོར་7359ཟིན་ནས་1978ལོའི་ལྡབ་39དང་ལྡབ་42སོ་སོ་རེད།
         མཐུན་སྒྲིལ་གྱིས་བརྟན་ལྷིང་འགན་ལེན་དང་འཕེལ་རྒྱས་ལ་སྐུལ་མ་གཏོང་ཐུབ།
         བོད་ཀྱི་འཛུགས་སྐྲུན་འཕེལ་རྒྱས་ཀྱི་ལོ་རྒྱུས་བརྒྱུད་རིམ་ཁྲོད་མི་རིགས་ཁག་གི་མི་དམངས་འཆམ་མཐུན་མཉམ་གནས་དང་ཞི་མཐུན་བཟོད་བསྲན་བྱས་པས་བོད་ཀྱི་མཛེས་སྡུག་ལྡན་པའི་ད་ཆ་བཏོད་ཡོད། བློ་བརྟན་འགྱུར་མེད་ཀྱི་སྒོ་ནས་མི་རིགས་མཐུན་སྒྲིལ་ལ་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ཚེ། གཞི་ནས་ཀྲུང་ཧྭ་མི་རིགས་ཀྱི་རླབས་ཆེན་བསྐྱར་དར་མངོན་འགྱུར་བྱེད་པའི་བོད་ཀྱི་ལེའུ་རྩོམ་ཐུབ་པ་སླར་ཡང་ར་སྤྲོད་ཐུབ་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།