འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་18ཉིན།
  • མི་དམངས་དྲ་བ།

    ༄༅།།ཚོགས་འདུ་གཉིས་ཀྱི་མྱོང་གཏམ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་17ཉིན། 10:55】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         ན་ནིང་ནས་བཟུང་ཤང་དུ་གཟའ་འཁོར་རེར་ལྷོ་པའི་སྐད་ཀྱི་སློབ་ཚན་ཚུགས་པ་དང་། སྲིད་གཞུང་གིས་མ་དངུལ་སྒོར་ཁྲི་3800བཏང་སྟེ་ཤང་ནང་སྣོད་བཅུད་ཤེས་དཔལ་གྱི་འབྱོར་འབྲིང་ཚོད་ལྟའི་གྲོང་ཚོ་འཛུགས་སྐྲུན་བྱེད་རྒྱུ་ལག་བསྟར་བྱས་པ་དེའི་ནང་མདོ་ཡུལ་གྲོང་ཚོར་མང་ཚོགས་ཀྱི་ཁང་པ་23གསར་སྐྲུན་བྱས་པ་དང་། ལེ་ལག་ཚང་བའི་ཚོང་ལས་དྲ་རྒྱ་དང་། གྲོང་ཚོའི་ནང་ཆུ་ཐོག་ཡུལ་ལྗོངས། ལྷོ་པའི་རིག་གནས་ཁྲིད་སྦྱོང་བྱེད་ཡུལ་སོགས་སྐྲུན་ཡོད། ལྷོ་པ་ཤང་གི་མི་རིགས་རིག་གནས་ཇེ་ཟབ་ཏུ་ཕྱིན་ནས་ལྷོ་པའི་མི་རིགས་ཡུལ་སྲོལ་གྱི་ཡུལ་སྐོར་ལས་རིགས་གཏོད་རྒྱུར་རྨང་གཞི་བཏིང་ཡོད།
                      ——རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་ས་ཁུལ་ལྷུན་རྩེ་རྫོང་མདོ་ཡུལ་ལྷོ་པ་མི་རིགས་ཤང་གི་ཤང་ཀྲང་གཞོན་པ་བཀྲ་ཤིས་དབྱངས་ཅན་གྱིས།
         ང་ཚོས་ཀྲུང་དབྱང་གི་བོད་སྐྱོང་ཐབས་ཇུས་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བཀོད་སྒྲིག་གཞིར་བཟུང་ལས་ཀ་བྱེད་ཤུགས་མུ་མཐུད་ཤུགས་ཆེར་བཏང་སྟེ་ནུས་ཤུགས་ཡོད་རྒུས་བརྟན་ལྷིང་སྲུང་སྐྱོང་བྱེད་པ་དང་། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ། དམངས་འཚོར་ཕན་པ་འདོགས་པ། རྨང་གཞི་བརྟན་དུ་གཏོང་བ། སྒོ་དབྱེ་རྒྱ་ཆེར་གཏོང་བ་བཅས་བྱ་རྒྱུ་ཡིན། རྒྱལ་ཁབ་ཀྱིས་སྲིད་ཇུས་རྒྱབ་སྐྱོར་དང་། གལ་ཆེན་རྣམ་གྲངས་འཛུགས་སྐྲུན། ཁྱད་ལྡན་ཐོན་ལས་འཕེལ་རྒྱས་སོགས་ཐད་སྔར་རྒྱུན་བཞིན་བོད་ལ་དམིགས་བསལ་གྱི་ཐུགས་ཁུར་དང་རྒྱབ་སྐྱོར་གནང་ནས་བོད་ལྗོངས་འདི་ཉིད་རྒྱལ་ཡོངས་དང་མཉམ་དུ་འབྱོར་འབྲིང་སྤྱི་ཚོགས་སྒོ་ཀུན་ནས་སྐྲུན་ཐུབ་པའི་འགན་ལེན་བྱེད་རྒྱུའི་རེ་བ་ཡོད།
                        ——རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ལྷོ་ཁ་ས་ཁུལ་སྲིད་འཛིན་ཀུང་ཧྲུའུ་ཡི་རྒྱུན་ལས་ཀྲོན་ཡོན་གཞོན་པ་ཡོན་ཏན་གྱིས།
      

    ཕྱོགས་བསྡུས་གསར་འགྱུར།