འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་9ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེད་དོན་སློབ་གསོ་དག་ཐེར་བྱེད་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་09ཉིན། 16:50】   (རྩོམ་སྒྲིག་འགན་འཁུར་པ། བཀྲ་ཤིས།)

     
         མི་དམངས་དྲ་བའི་འཕྲིན། རྒྱལ་ཡོངས་ཀྱི་རྫོང་དང་ཁྲུའུ་རིམ་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པའི་ཁྲོད་དུ“དམ་ནན་གསུམ་དང་དྲང་བདེན་གསུམ”གྱི་ཆེད་དོན་སློབ་གསོ་སྤེལ་རྒྱུའི་སྐོར་གྱི་ཏང་ཀྲུང་དབྱང་གི་བཀོད་སྒྲིག་གལ་ཆེ་དང་རྒྱལ་ཁབ་བདེ་འཇགས་པུའི་ཏང་ཨུད་ཀྱི་གཅིག་གྱུར་བཀོད་སྒྲིག་ལ་གཞིགས་ཏེ་ཉེ་ཆར་རང་སྐྱོང་ལྗོངས་རྒྱལ་ཁབ་བདེ་འཇགས་ཐིང་ཏང་ཨུད་ཀྱིས་ལྗོངས་ཡོངས་ཀྱི་རྒྱལ་ཁབ་བདེ་འཇགས་ལས་ཁུངས་སུ“‘ངེས་པར་དུ་ལྔ་དང་གཏན་ནས་བྱེད་མི་ཆོག་པ་ལྔ’དམ་པོར་སྲུང་བ་དང་། ‘དམ་ནན་གསུམ་དང་དྲང་བདེན་གསུམ’ལག་ལེན་བྱེད་པ། ཏང་དང་ཉེན་རྟོག་ནན་སྐྱོང་བྱེད་པའི”ཆེད་དོན་སློབ་གསོ་དག་ཐེར་ལ་ཁྱོན་ཡོངས་ནས་སྐུལ་སློང་དང་བཀོད་སྒྲིག་ཞིབ་ཕྲ་བྱས་པ་རེད།
         ད་ཐེངས་ཀྱི་ཆེད་དོན་སློབ་གསོ་དག་ཐེར་གྱི་གཅིག་སྡུད་ཐོག་སློབ་སྦྱོང་བྱེད་པའི་དུས་ཚོད་ནི་2015ལོའི་ཟླ་2པ་ནས་ཟླ་7པའི་བར་ཡིན་པ་དང་གཙོ་གནད་ཐོག་སྒོ་ཀུན་ནས་ཏང་ནན་སྐྱོང་དང་སྒྲིག་སྲོལ་ལྟར་ཏང་སྐྱོང་རྒྱུ་དོན་འཁྱོལ་དང་ཆབ་སྲིད་ཐོག་ནས་ཉེན་རྟོག་འཛུགས་སྐྱོང་དང་ཉེན་རྟོག་ནན་སྐྱོང་བྱ་རྒྱུ་གཙོ་སྣེ་དང་། ཁྲུའུ་རིམ་པ་གཞོན་པ་ཡན་གྱི་འགོ་ཁྲིད་ལས་བྱེད་པ་གཙོ་གནད་དུ་བྱས་ཏེ་ཁོངས་གཏོགས་དེ་ཡོངས་ཀྱི་ཏང་ཡོན་ལས་བྱེད་ཉེན་རྟོག་པར་ཕྱོགས་ཏེ་གཅིག་སྡུད་སློབ་སྦྱོང་དང་། ཁྱད་ལྡན་སློབ་གསོ། གནད་དོན་འཚོལ་བཤེར། དག་ཐེར་དོན་འཁྱོལ་སོགས་ལྷུ་ཚིགས་དམ་འཛིན་བྱེད་གཞིར་བྱས་ཏེ། བྱེད་ཐབས་ངོ་མ་སྤྱད་ནས“བློ་བརྟན་འགྱུར་མེད་དང་། ཏང་གིས་བློས་འགེལ་ཆོག་པ། ལེགས་སྐྱེས་འབུལ་ཕོད་པ། འགྲན་ནུས་པ་དང་རྒྱལ་ཐུབ་པ་བཅས་ཀྱི་རྒྱལ་ཁབ་བདེ་འཇགས་དཔུང་ཁག་གཅིག་འཛུགས་སྐྱོང་བྱེད་རྒྱུ”དེ་འབད་འཐབ་དམིགས་ཡུལ་དུ་བྱས་ཏེ་གནད་དོན་གྱི་ཁ་ཕྱོགས་མངོན་གསལ་དོད་པོར་འཇོག་པ་དང་། ཀུན་སྤྱོད་དག་ཐེར་གྱི་སྙིང་སྟོབས་ལག་ལེན་བསྟར་བ། མ་མཐའི་བསམ་གཞིག་འཛུགས་པ་བཅས་བྱས་ནས་ཕུགས་བསམ་དང་དད་སེམས་བརྟན་དུ་ཏན་ཏིག་བཏང་སྟེ་ཏང་ལ་བློ་དཀར་སེམས་དཀར་བྱ་རྒྱུའི་གཞི་རྩའི་བླང་བྱའི་ཐད་ཕན་འབྲས་དངོས་ཐོན་ཐུབ་པ་དང་། སྒྲིག་ལམ་ནན་པོ་ཡོང་བ་བྱས་ནས་ཐོག་མཐའ་བར་གསུམ་དུ་ཏང་གི་འགོ་ཁྲིད་གཙང་བཙན་བྱེད་པའི་ཐད་ཕན་འབྲས་དངོས་ཐོན་ཐུབ་པ། འགོ་ཁྲིད་ཚན་ཁག་དང་འགོ་ཁྲིད་ལས་བྱེད་པ་མངོན་གསལ་དོད་པོར་བཞག་ནས་སྤྱོད་ཚུལ་འཛུགས་སྐྱོང་དང་རུལ་སུངས་ལ་ངོ་རྒོལ་གཏིང་ཟབ་བྱེད་པའི་ཐད་ཕན་འབྲས་དངོས་ཐོན་པ། སྒྱུར་བཅོས་གསར་གཏོད་གཏིང་ཟབ་ཏུ་གཏོང་བ་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དོན་འཁྱོལ་བྱེད་པའི་འགན་འཁྲི་འཁུར་བའི་ཐད་ཕན་འབྲས་ཐོན་ཐུབ་པ་བཅས་བྱས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།