འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།2015ལོའི་ཀྲུང་དབྱང་སྐོར་ཞིབ་ཁག་དང་པོ་བྱེད་འགོ་བརྩམས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་01ཉིན། 11:45】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་གསར་དུས་ཆེན་གྱི་གུང་གསེང་བཏང་ཚར་མ་ཐག་2015ལོའི་ཀྲུང་དབྱང་སྐོར་ཞིབ་ཁག་དང་པོ་བྱེད་འགོ་བརྩམས་ཤིང་། སྐོར་ཞིབ་བྱ་ཡུལ་ཚན་པ་ཁག་དང་པོ་ནི་རྒྱལ་ཁབ་གློག་དྲ་དང་། ཀྲུང་གོ་གྲུ་གཟིངས་ལྕི་བའི་བཟོ་ལས་ཚོགས་པ་ཀུང་སི། ཧྭ་ནེང་ཚོགས་པ་བཅས་ཡིན་པ་རེད།
         ཀྲུང་དབྱང་གིས་ཆོག་མཆན་གནང་བ་བརྒྱུད་2015ལོའི་ཀྲུང་དབྱང་སྐོར་ཞིབ་ཁག་དང་པོས་ཀྲུང་གོ་ཉིང་རྡུལ་བཟོ་ལས་ཚོགས་པ་ཀུང་སི་དང་། ཀྲུང་གོ་ཉིང་རྡུལ་བཟོ་ལས་འཛུགས་སྐྲུན་ཚོགས་པ་ཀུང་སི། ཀྲུང་གོ་རྡོ་སྣུམ་རང་བྱུང་སོལ་རླངས་ཚོགས་པ་ཀུང་སི། ཀྲུང་གོ་རྒྱ་མཚོ་རྡོ་སྣུམ་སྤྱི་ཁྱབ་ཀུང་སི། རྒྱལ་ཁབ་གསར་སྤེལ་མ་འཇོག་ཀུང་སི། ཀྲུང་གོ་ཤར་ཕྱོགས་གློག་ཤུགས་ཚོགས་པ་ཚད་ཡོད་ཀུང་སི་སོགས་ཀྲུང་དབྱང་ཁེ་ལས་26ལ་ཆེད་དོན་སྐོར་ཞིབ་བྱ་རྒྱུ་ཡིན་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། ཁག་འདིའི་སྐོར་ཞིབ་ནི་ཆེད་དོན་སྐོར་ཞིབ་ཡིན་པས་སྐོར་ཞིབ་བྱེད་ཡུན་ཟླ་བ་གཉིས་ཡིན་ལ་སྐོར་ཞིབ་བྱེད་རིང་ཆེད་དོན་ལས་རེས་ཁ་པར་ཨང་གྲངས་དང་ཆེད་དོན་སྦྲག་སྲིད་ཡིག་སྒམ་ཡོངས་བསྒྲགས་བྱས་ནས་གཙོ་བོར་སྐོར་ཞིབ་བྱ་ཡུལ་ཚན་པའི་འགོ་་ཁྲིད་ཚན་ཁག་གི་ཁོངས་མི་དང་། རིམ་པ་འོག་མའི་འགོ་ཁྲིད་ཚན་ཁག་གི་ཁོངས་མི། ལས་གནས་གལ་ཆེན་ཐོག་གི་འགོ་ཁྲིད་ལས་བྱེད་པ་བཅས་ཀྱི་གནད་དོན་གོང་ཞུ་བྱེད་པའི་འཕྲིན་ཡིག་དང་། ཁ་པར། ངོ་བཅར་བཅས་བདག་སྤྲོད་བྱེད་རྒྱུ་ཡིན་པ་དང་། ལྷག་པར་དུ་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་དང་། ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལག་བསྟར། ཆབ་སྲིད་སྒྲིག་ཁྲིམས་ལག་བསྟར། ལས་བྱེད་པ་འདེམས་བསྐོ་བཅས་སྐོར་གྱི་ཞུ་གཏུག་བདག་སྤྲོད་བྱེད་རྒྱུ་ཡིན་ཞིང་། སྐོར་ཞིབ་བདག་སྤྲོད་ཁྱབ་ཁོངས་སུ་མ་ཚུད་པའི་ཡིག་འབུལ་ངོ་བཅར་གནད་དོན་གཞན་དག་ཚང་མ་གཏན་འབེབས་ལྟར་སྐོར་ཞིབ་བྱ་ཡུལ་ཚན་པ་དང་འབྲེལ་ཡོད་སྡེ་ཚན་གྱིས་ཐག་གཅོད་ནན་པོ་བྱེད་རྒྱུ་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།