འཚོལ་བཤེར།   
藏文频道
2015ལོའི་ཟླ་3ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱི“མི་རིགས་མཐུན་
    སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི”སྒོ་བྱང་བཀལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 03ཚེས་01ཉིན། 11:22】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་བཙུགས་པའི“མི་རིགས་མཐུན་སྒྲིལ་ཡར་ཐོན་སློབ་གསོའི་རྟེན་གཞིའི”སྒོ་བྱང་འགེལ་བའི་མཛད་སྒོ་ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་མི་རིགས་ཕན་བདེ་ཁང་དུ་གཉེར་བ་རེད།
         ཉེ་ལམ་ལོ་ཤས་རིང་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་དེ་ཉིད་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་བྱ་གཞག་གི་སྲིད་ཞུགས་ཏང་ཞིག་ཡིན་པའི་ངོས་ནས་དམངས་འཚོར་དོ་ཁུར་གྱིས་སྤྱི་ཕན་བྱ་གཞག་ནང་ཧུར་ཐག་ཞུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་ལ་སྐུལ་འདེད་གཏོང་བའི་བརྗོད་བྱ་གཙོ་བོར་དམིགས་ནས་མགོ་ལོག་བོད་རིགས་རང་སྐྱོང་ཁུལ་དང་། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ། དགོན་ལུང་ཧོར་རིགས་རང་སྐྱོང་རྫོང་སོགས་གྲངས་ཉུང་མི་རིགས་ས་ཁུལ་དུ་འོད་སྣང་སྦྱིན་པའི་བྱ་སྤྱོད་དང་། འབྱུང་རྩ་དྲན་པའི་སྐྱོབ་སྲུང་བྱ་སྤྱོད། མི་རིགས་ས་ཁུལ་སློབ་གྲྭའི་གཅེས་སེམས་ཟ་ཁང་འཛུགས་སྐྲུན་སོགས་ཀྱི་བྱེད་སྒོ་སྤེལ་ནས་འདྲ་མཉམ་དང་། མཐུན་སྒྲིལ། རོགས་རེས། ཞི་མཐུན་བཅས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་མི་རིགས་འབྲེལ་བ་སྲ་བརྟན་དང་འཕེལ་རྒྱས་གཏོང་བ་དང་། སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་བྱས་ཏེ་གྲངས་ཉུང་མི་རིགས་དང་མི་རིགས་ས་ཁུལ་གྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་དགེ་མཚན་ལྡན་པའི་ནུས་པ་བཏོན་ཡོད་པ་རེད།
         ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱི་ཀྲུའུ་རེན་ཨུ་ཡོན་ཝང་ཅན་གྱིས་སྤུས་རྟགས་རྩེ་གྲའི་ཕན་བདེ་ཁང་བསྐྲུན་རྒྱུའི་དམིགས་ཡུལ་ལ་དམ་པོར་དམིགས་ནས་ཕན་བདེ་ཁང་དེ་ཉིད་རྒན་རྒོན་ཚེ་མཇུག་སྐྱིད་པོ་སྐྱེལ་སའི་དགའ་ཚལ་ཞིག་ཏུ་འགྱུར་བ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་རྟེན་གཞི་ཞིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་ཞེས་བརྗོད། 
         ཟི་ལིང་གྲོང་ཁྱེར་གྲོང་བྱང་ཆུས་མི་རིགས་ཕན་བདེ་ཁང་དེ་2014ལོའི་ཟླ་1པོ་ནས་དངོས་སུ་ལས་གཉེར་བྱེད་འགོ་ཚུགས་པ་དང་མིག་སྔར་དེའི་ནང་སྡོད་མཁན་རྒན་རྒོན་77ཡོད་པ་རེད། སྒོ་བྱང་འགེལ་བའི་མཛད་སྒོའི་ཐོག་ཀྲུང་གོ་དམངས་གཙོ་རྒྱལ་འཛུགས་ལྷན་ཚོགས་མཚོ་སྔོན་ཞིང་ཨུད་ཀྱིས་མི་རིགས་ཕན་བདེ་ཁང་ལ་ནུས་མང་བདག་སྐྱོང་མལ་ཁྲི་ཞལ་འདེབས་སུ་བརྒྱབ་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།