འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།རྒྱལ་ཡོངས་ཀྱི་ཞིང་ཆེན་བཅུ་དྲུག་གིས་ཤོག་སྦག་ཐོན་སྐྱེད་བྱེད་མཚམས་བཞག་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་27ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་26ཉིན་རྒྱལ་ཡོངས་ཉེན་ཁའི་རྫས་འགྱུར་ཐོན་རྫས་དང་ཚོན་ལྡན་ཤོག་སྦག་བདེ་འཇགས་ལྟ་སྐུལ་ལས་དོན་གྱི་བརྙན་མཐོང་གྲོས་ཚོགས་ལས་ཤེས་རྟོགས་བྱུང་བ་ལྟར་ན། མིག་སྔར་རྒྱལ་ཡོངས་སུ་ཞིང་ཆེན་དང་རང་སྐྱོང་ལྗོངས། གྲོང་ཁྱེར་བཅས་བཅུ་དྲུག་གིས་ཤོག་སྦག་ཐོན་སྐྱེད་བྱེད་མཚམས་བཞག་ཡོད་པ་རེད།
         དེ་དང་དུས་མཚུངས་སུ་ན་ནིང་ཚོན་ལྡན་ཤོག་སྦག་བདེ་འཇགས་ཐོན་སྐྱེད་གྱི་གནས་བབ་ཅུང་ལེགས་སུ་སོང་བ་དང་། ཚོན་ལྡན་ཤོག་སྦག་གི་དོན་རྐྱེན་བྱུང་ཐེངས་དང་རྐྱེན་ལམ་དུ་ཤོར་བའི་མི་གྲངས་ཀྱང་དུས་མཉམ་ལས་ཁག་སོ་སོ་བརྒྱ་ཆ་21.8དང་བརྒྱ་ཆ་10.7ཆག་ཡོད་པ་རེད།
         བདེ་འཇགས་ཐོན་སྐྱེད་ལྟ་སྐུལ་དོ་དམ་སྤྱི་ཁྱབ་ཅུས་ཀྱི་བཟོ་སྐྲུན་དབུ་ཆེན་ཝང་ཧའོ་ཧྲུའེ་ཡིས། ཉེན་ཁའི་རྫས་འགྱུར་ཐོན་རྫས་དང་ཤོག་སྦག་བདེ་འཇགས་ཐོན་སྐྱེད་ཀྱི་ལས་དོན་ལ་དགེ་མཚན་ལྡན་པའི་འཕེལ་རིམ་ཐོན་ཡོད། འོན་ཀྱང་ད་དུང་གནད་དོན་མང་པོ་གནས་ཡོད་པ་རེད། ལྷག་པར་དུ་མིག་སྔར་དཔལ་འབྱོར་ཆག་པའི་གནོན་ཤུགས་འོག རྫས་འགྱུར་ལས་སྣོན་ལས་རིགས་ལ་གྱོང་གུན་ཐེབས་ཚད་ཆེ་བ་དང་ཚོན་ལྡན་ཤོག་སྦག་གི་དགོས་མཁོ་ཉུང་དུ་སོང་ནས་ཁེ་ལས་ཀྱི་བདེ་འཇགས་ལ་མངོན་མེད་ཀྱི་ཉེན་ཁ་འཕྲད་པ་བཅས་ཀྱིས་བདེ་འཇགས་ཐོན་སྐྱེད་ལ་ཤུགས་རྐྱེན་ངན་པ་ཐེབས་ཀྱི་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།