འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།ཕྱི་འབྲེལ་པུས་ཨ་རི་ཕྱོགས་ལ་ཨ་རིར་བཅའ་སྡོད་ཐའེ་དབན་གྱི་སྒྲིག་གཞི་གཞུང་ཕྱོགས་
    མིན་པའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་28ཉིན། 10:52】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
          མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་2ཚེས་26ཉིན་ཕྱི་འབྲེལ་པུའི་མགྲིན་ཚབ་པ་ཧུང་ལེས་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཐའེ་དབན་དང་གཞུང་ཕྱོགས་ཀྱི་འབྲེལ་བ་འཕེལ་རྒྱས་མི་གཏོང་བ་དང་ཨ་རིར་བཅའ་སྡོད་ཐའེ་དབན་གྱི་སྒྲིག་གཞིའི་མིང་དང་། ངོ་བོ། འགན་ནུས། བྱེད་སྒོ་སོགས་གཞུང་ཕྱོགས་མིན་པའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།
         ཉིན་དེའི་གསར་འགོད་པའི་འཆར་ཅན་ཚོགས་འདུ་གྲོལ་རྗེས་གསར་འགོད་པས་གནས་ཚུལ་སྤེལ་བར་གཞིགས་ན། ཨ་རིར་བཅའ་སྡོད་ཐའེ་དབན་དབང་འཛིན་ལས་ཁུངས་ཀྱི་འཐུས་མི་ཁྲུའུ་ཡི་རླངས་འཁོར་ལ་གཅིག་རྗེས་གཉིས་མཐུད་ངང་ཨ་རིའི་རྒྱལ་དོན་ཁང་གིས་དཔྱད་སྤྲོད་བྱས་པའི་འཁོར་རྟགས་གསར་པ་བརྗེས་ཡོད། དེའི་ཐད་ཀྲུང་གོ་ཕྱོགས་ཀྱིས་དཔྱད་གཏམ་གང་ཞིག་སྤེལ་རྩིས་ཡོད་དམ། ཨ་རི་ཕྱོགས་དང་སྐད་ཆ་བྱེད་རྩིས་ཡོད་དམ་ཞེས་དྲི་བ་བཏོན་པར་ཧུང་ལེས་ཉེ་ཆར་ཨ་རི་ཕྱོགས་ཀྱིས་ཨ་རིར་བཅའ་སྡོད་ཐའེ་དབན་གྱི་སྒྲིག་གཞིར་འཁོར་རྟགས་གསར་པ་སྤྲད་ཀྱང་འཁོར་རྟགས་དེ་རིགས“ཕྱི་འབྲེལ་འཁོར་རྟགས”མིན། ཀྲུང་གོ་དང་ཨ་རིའི་འབྲེལ་བར་མི་གནོད་པ་བྱ་ཕྱིར་ཀྲུང་གོ་ཕྱོགས་ཀྱིས་ཨ་རི་ཕྱོགས་ལ་ཀྲུང་གོ་གཅིག་གི་སྲིད་ཇུས་དང་ཀྲུང་ཨའི་མཉམ་འབྲེལ་སྤྱི་བསྒྲགས་གསུམ་གྱི་རྩ་དོན་ལ་བརྩི་སྲུང་ཞུ་བ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ཀྱི་ཚད་གཞིར་བརྩི་སྲུང་ཞུས་ནས་ཐའེ་དབན་དང་གཞུང་ཕྱོགས་ཀྱི་འབྲེལ་བ་འཕེལ་རྒྱས་མི་གཏོང་བ་དང་། ཨ་རིར་བཅའ་སྡོད་ཐའེ་དབན་གྱི་སྒྲིག་གཞིའི་མིང་དང་། ངོ་བོ། འགན་ནུས། བྱེད་སྒོ་སོགས་གཞུང་ཕྱོགས་མིན་པའི་ཁྱབ་ཁོངས་ནང་ཚོད་འཛིན་ནན་པོ་བྱེད་དགོས་པའི་བླང་བྱ་བཏོན་ཡོད་ཅེས་བཤད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།