འཚོལ་བཤེར།   
藏文频道
2015ལོའི་ཟླ་2ཚེས་28ཉིན།
  • མི་དམངས་དྲ་བ།

    ༄༅།།དཔྱིད་གསར་དུས་ཆེན་རིང་མཚོ་སྔོན་དུ་ལུས་སྦྱོང་བྱེད་པའི་ཚ་རླབས་འཕྱུར་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 02ཚེས་28ཉིན། 09:31】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། དཔྱིད་ཀ་ཤར་ཡང་ས་མཐོར་སྔར་བཞིན་གྲང་མོ་ཡོད་ཅིང་། ཉིན་མོའི་དྲོད་ཚད་དམའ་ཤོས་ད་དུང་ཧྲི་ཧྲེ་ཏུའུ་ཀླད་སྐོར་འོག་ཡིན་ཡང་མཚོ་སྔོན་གྲོང་གསེབ་ཏུ་ལུས་སྦྱོང་བྱེད་པའི་སྤྲོ་སེམས་ལ་ཤུགས་རྐྱེན་ཐེབས་མེད་པ་རེད།
         ད་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་གཉིས་ཉིན་གཅིག་ལ་འཁེལ་བ་དང་། ཉེ་ཆར་གསར་འགོད་པས་བོད་བརྒྱུད་ནང་བསྟན་གྱི་དགེ་ལུགས་པའི་སྲོལ་གཏོད་གནང་མཁན་རྗེ་ཙོང་ཁ་པའི་འཁྲུངས་ཡུལ་སྐུ་འབུམ་བྱམས་པ་གླིང་དུ་བཅར་འདྲིར་སྐྱོད་སྐབས་དགེ་འདུན་པ་རྣམས་ལུས་སྦྱོང་བྱེད་བཞིན་ཡོད་པ་མཐོང་བྱུང་། དགོན་སྡེའི་བསང་གཏོང་སའི་ཡངས་ཤིང་རྒྱ་ཆེ་བའི་ཐང་ཆེན་དུ་གྲྭ་ཆས་གྱོན་པའི་ཨེན་ཆུང་བཅུ་ལྷག་ཙམ་གྱིས་ཕར་རྒྱུག་ཚུར་རྒྱུག་བྱས་ནས་རྐང་རྩེད་སྤོ་ལོ་རྒྱག་བཞིན་ཡོད་པ་དང་ཉེ་འགྲམ་དུ་ཆོས་འཇལ་ལ་ཡོང་མཁན་བོད་རིགས་དད་ལྡན་པ་དང་ཡུལ་སྐོར་བས་ལྟད་མོ་ལྟ་བཞིན་ཡོད་པ་རེད།
         ཤེས་རྟོགས་བྱུང་བར་གཞིགས་ན། མཚོ་སྔོན་ཞིང་ཆེན་གྱིས་གྲྭ་བཙུན་རྒྱུན་སྡོད་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེ་565དང་དབྱི་སི་ལན་གྱི་ཆོས་ཁང་10ལ་ལུས་རྩལ་གྱི་ལུས་སྦྱོང་ཡོ་བྱད་ཞལ་འདེབས་ཕུལ་བས་མཚོ་སྔོན་ཞིང་ཆེན་གྱི་གྲྭ་བཙུན་རྒྱུན་སྡོད་ཀྱི་བོད་བརྒྱུད་ནང་བསྟན་དགོན་སྡེར་ལུས་རྩལ་གྱི་ལུས་སྦྱོང་ཡོ་བྱད་ཁྱབ་ཚད་100%ཟིན་པ་དང་དགེ་འདུན་པ་རྣམས་ཆོས་སྦྱོང་སྒོམ་སྒྲུབ་བྱེད་པ་དང་དུས་མཚུངས་གཟུགས་པོར་སྦྱོང་བརྡར་བྱེད་པར་སྔར་བས་སྟབས་བདེ་བྱུང་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།