འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་
    ཀྲུའུ་རེན་གཞོན་པ་དང་དྲུང་ཆེ། ཨུ་ཡོན་བཅས་འདེམས་བསྐོ་བྱས་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་23ཉིན། 12:29】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         སྤྱི་ཟླ་1ཚེས་22ཉིན་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོཊ་ཐེངས་གསུམ་པས་ཚང་འཛོམས་གྲོས་ཚོགས་ཐེངས་བཞི་པ་འཚོགས་ཤིང་། ཚོགས་འདུའི་ཐོག་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་1དང་། དྲུང་ཆེ་1 ཨུ་ཡོན་8བཅས་འདེམས་བསྐོ་བྱས་པ་རེད།
         ཐེངས་འདིའི་གྲོས་ཚོགས་ལ་ཞུགས་དགོས་པའི་འཐུས་མི་443དང་དངོས་སུ་ཞུགས་པའི་འཐུས་མི་385ཡོད་པས། འདེམས་བསྐོ་ལ་ཞུགས་པའི་འཐུས་མིའི་མི་གྲངས་ངེས་པར་དུ་འདེམས་བསྐོ་ཚོགས་འདུར་ཞུགས་དགོས་པའི་འཐུས་མིའི་མི་གྲངས་ཀྱི་ཕྱེད་ཀ་ལས་བརྒལ་དགོས་པའི་གཏན་འཁེལ་དང་མཐུན་ཞིང་། འདེམས་བསྐོ་ལ་རང་མིང་མི་འགོད་པའི་འདེམས་ཤོག་འཕེན་ཐབས་ལག་བསྟར་དང་འཁྲོལ་མེད་འདེམས་བསྐོ་བྱ་ཐབས་ལག་བསྟར་བྱས་པ་རེད།
         གྲོས་ཚོགས་ཐོག་བློ་མཐུན་ཏོན་ཞང་ཀྲེང་གིས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེའི་འགན་དགོངས་ཞུ་བྱས་པ་དང་ལེན་བྱས་པའི་གཏན་འབེབས་བྱས་པ་རེད།
         གྲོས་ཚོགས་ཐོག་ཞུས་ཞུའེ་ཀོང་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པར་བདམས་ཐོན་བྱུང་བ་དང་། ལིའུ་ཀོང་ཞུས་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་དྲུང་ཆེར་བདམས་ཐོན་བྱུང་ལ། ཕུན་ཚོགས་དང་། རྡོ་རྗེ་ཚེ་རིང་། ལིའུ་ཞུས། ལིའུ་ཧུའུ་ཧྲན། ཚེ་དབང་རྡོ་རྗེ། ལི་མིང་ཞའོ། ཀྲའོ་ཧུང་དབྱང་། ཏང་ཙུང་ལེན་བཅས་འཐུས་མི་8བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་དུ་བདམས་ཐོན་བྱུང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།