འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་ཀྱི་ཚོགས་ཆེན་གཉིས་སུ་གྲངས་ཉུང་མི་རིགས་ཀྱི་འཐུས་མི་དང་ཨུ་ཡོན་གྱིས་
    འཐུས་མི་དང་ཨུ་ཡོན་བསྡོམས་གྲངས་ཀྱི་70%ལས་བརྒལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་23ཉིན། 12:24】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་གསར་འགོད་པས་2015ལོའི་བོད་རང་སྐྱོང་ལྗོངས་ཀྱི་ཚོགས་ཆེན་གཉིས་ཀྱི་ཐོག་ནས་རྒྱུས་ལོན་བྱུང་བ་ལྟར་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་གྲོས་ཚོགས་ཐེངས་གསུམ་པའི་འཐུས་མིར་བདམས་ཐོན་བྱུང་བའི་མི་དམངས་འཐུས་མི་443གྱི་ཁྲོད་དུ། བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གི་འཐུས་མིའི་མི་གྲངས་311ཡོད་པས། འཐུས་མི་བསྡོམས་གྲངས་ཀྱི་70%ལས་བརྒལ་ཡོད་པ་རེད།
         རྒྱུན་ལོན་བྱུང་བ་ལྟར་ན། སྲིད་གྲོས་སྐབས་བཅུ་པའི་བོད་རང་སྐྱོང་ལྗོངས་ཨུ་ཡོན་ལྷན་ཁང་གི་གྲོས་ཚོགས་ཐེངས་གསུམ་པའི་ནང་ཨུ་ཡོན་བསྡོམས་གྲངས་600ལས་བརྒལ་ཡོད་པ་དང་། དེའི་ཁྲོད་བོད་རིགས་དང་། ཧུའེ་རིགས། མོན་པ། ལྷོ་པ། ཤར་པ་སོགས་ཀྱི་ཨུ་ཡོན་ཚུད་པའི་གྲངས་ཉུང་མི་རིགས་ཨུ་ཡོན་ཚོའི་མི་གྲངས་ཨུ་ཡོན་བསྡོམས་གྲངས་ཀྱི་70%ལས་བརྒལ་ཡོད་པ་རེད།
         བོད་རང་སྐྱོང་ལྗོངས་ཀྱི་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གཞུང་དོན་ཐིང་གི་སྐོར་ཞིབ་པ་གཞོན་པ་ཙེང་ཧྭ་ཀྲུང་གིས་གསར་འགོད་པར་བོད་རང་སྐྱོང་ལྗོངས་ནི་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་དག་གིས་གཙོ་བོར་བྱས་པའི་མི་རིགས་རང་སྐྱོང་ལྗོངས་ཤིག་ཡིན་པས། མི་རིགས་ལས་བྱེད་པ་ནི་བོད་རང་སྐྱོང་ལྗོངས་ཀྱི་ལས་བྱེད་པའི་གྲུབ་ཆ་གཙོ་བོ་རེད། ཐེངས་འདིའི་མི་དམངས་འཐུས་ཚོགས་ཐོག་ལྷ་སའི་འཐུས་མི་ཚོགས་པའི་མི་གྲངས་བསྡོམས་འབོར་66ཡོད་པ་དང་། དེའི་ཁྲོད་བོད་རིགས་དང་གྲངས་ཉུང་མི་རིགས་གཞན་པའི་འཐུས་མི་51ཡོད་པས། འཐུས་མི་ཚོགས་པའི་མི་གྲངས་བསྡོམས་འབོར་གྱི་77.2%ཟིན་ཡོད་པ་རེད་ཅེས་བརྗོད།
      

    ཕྱོགས་བསྡུས་གསར་འགྱུར།