འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་
    གསུམ་པ་རྒྱལ་ཁའི་ངང་གྲོལ་བ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་23ཉིན། 10:23】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
    ༄༅།།བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་
གསུམ་པ་རྒྱལ་ཁའི་ངང་གྲོལ་བ།
         མི་དམངས་དྲ་བའི་འཕྲིན། སྤྱི་ཟླ་1ཚེས་22ཉིན་གྱི་ཕྱི་དྲོ་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ཕུན་སུམ་ཚོགས་པོའི་ངང་ལེགས་གྲུབ་བྱུང་ནས་ལྷ་སར་རྒྱལ་ཁའི་ངང་གྲོལ་བ་རེད།
          ཚོགས་འདུར་ཕེབས་དགོས་པའི་འཐུས་མི་443དང་དངོས་སུ་འཐུས་མི་381ཕེབས་ཡོད་པ་དེ་ཁྲིམས་གཏན་འཁེལ་བའི་མི་གྲངས་དང་མཐུན་ཡོད།
         ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་ཁྲེན་ཆོན་གོ་དང་། འཕགས་པ་ལྷ་དགེ་ལེགས་རྣམ་རྒྱལ། སྐར་མ། ཀྲོའུ་ཁྲུན་ལའེ། ཀྲའོ་ཀྲེང་ཤིའུ། བསམ་སྡིངས་རྡོ་རྗེ་ཕག་མོ་བདེ་ཆེན་ཆོས་སྒྲོན། ཤིང་རྩ་བསྟན་འཛིན་ཆོས་གྲགས། མ་རུའུ་ལུང་། རྡོ་རྗེ། ཝུའུ་ཅིན་ཧུའེ། ཀྲའོ་ཧོ། བསྟན་འཛིན་རྣམ་རྒྱལ། འོད་ཟེར། ལེ་ཏ་ཁེ། ཞུས་ཞུའེ་ཀོང་། ལིའུ་ཀོང་ཤུས་བཅས་ཀྲུའུ་ཞིའི་སྡིངས་ཆའི་མདུན་གྲལ་དུ་བཞུགས་ཡོད། ཚོགས་འདུ་དེ་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་རྒྱུན་ལས་ཀྲུའུ་ཞི་དང་ལག་བསྟར་ཀྲུའུ་ཞི་པད་མ་འཕྲིན་ལས་ཀྱིས་གཙོ་སྐྱོང་གནང་བ་རེད།
         བློ་བཟང་རྒྱལ་མཚན་དང་། ཝུའུ་དབྱིང་ཅེ། ཞུས་ཡུང་། ཆེ་དགྲ་ལྷ། ནོར་བུ་དོན་གྲུབ། ཏུང་ཡུན་ཧུའུ། རྡོ་ཐོགས། ཏིང་ཡེ་ཤན། ཝང་རུའེ་ལེན། ཝང་གཡུང་ཅུན། ཙེང་དབན་མིང་། ལེགས་མཆོག པ་སངས་སོགས་དང་དེ་བཞིན་ཚོགས་ཆེན་གྱི་ཀྲུའུ་ཞི་ཚོགས་པའི་ཁོངས་མི་གཞན་དག་ཀྲུའུ་ཞིའི་སྡིངས་ཆར་བཞུགས་ཡོད་པ་རེད། ཕྱི་དྲོའི་ཆུ་ཚོད་3དང་སྐར་མ་40ཐོག་པད་མ་འཕྲིན་ལས་ཀྱིས་ཚོགས་ཆེན་འགོ་ཚུགས་པའི་ཁྱབ་བསྒྲགས་གནང་བ་རེད།
         ཚོགས་འདུའི་ཐོག་བརྡས་ཐག་བཅད་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་དང་། བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞི་ལག་ལེན་བསྟར་ཚུལ་དང་2015ལོའི་རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་གཞིའི་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་ཀྱི་2014ལོའི་ནོར་སྲིད་སྔོན་རྩིས་ལག་ལེན་བསྟར་ཚུལ་དང་2015ལོའི་ནོར་སྲིད་སྔོན་རྩིས་སྐོར་གྱི་གྲོས་ཆོད།
         བོད་རང་སྐྱོང་ལྗོངས་མི་དམངས་འཐུས་མི་ཚོགས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མཐོ་རིམ་མི་དམངས་ཁྲིམས་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད། བོད་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་གི་ལས་དོན་སྙན་སྒྲོན་སྐོར་གྱི་གྲོས་ཆོད་བཅས་ལ་གྲོས་འཆམ་གནང་བ་དང་སྙན་སྒྲོན་དྲུག་པོ་དེ་དག་ལ་ཆོག་མཆན་སྤྲོད་རྒྱུའི་གཏན་འབེབས་གནང་བ་རེད། གྲོས་རིམ་ཁག་ལེགས་གྲུབ་བྱུང་རྗེས་པད་མ་འཕྲིན་ལས་ཀྱིས་གསུང་བཤད་གནང་ཞིང་། ཁོང་གིས་འཐུས་མི་ཡོངས་རྫོགས་དང་ཚོགས་ཞུགས་བློ་མཐུན་གྱི་ཐུན་མོང་འབད་བརྩོན་འོག་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་གྲོས་རིམ་ཁག་ལེགས་གྲུབ་བྱུང་ཡོད། ཚོགས་འདུའི་ཐོག་གྲོས་ཆོད་ཁག་ལ་གྲོས་ཞིབ་གྲོས་འཆམ་བྱུང་བ་དང་དེ་བཞིན་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ཨུད་ཀྱི་གྲུབ་ཆའི་མི་སྣ་ཁག་གཅིག་གསབ་འདེམས་བྱས་ནས་ཐོན་ཡོད་ཅེས་གསུངས་པ་རེད།
         པད་མ་འཕྲིན་ལས་ཀྱིས་ལོ་གསར་པ་ནི་སྒྱུར་བཅོས་ཁྱོན་ཡོངས་ནས་གཏིང་ཟབ་ཏུ་གཏོང་བའི་འགག་རྩའི་ལོ་དང་། ཁྲིམས་ལྟར་བོད་སྐྱོང་བར་སྒོ་ཀུན་ནས་སྐུལ་མ་གཏོང་བའི་འགོ་ཚུགས་ལོ“ལོ་ལྔ་ཚན་བཅུ་གཉིས་པའི”འཆར་འགོད་སྒོ་ཀུན་ནས་ལེགས་སྒྲུབ་བྱེད་པའི་ལོ་བཅས་ཡིན་པས་འདི་ལོའི་ལས་དོན་ཁག་ལེགས་པར་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད། ང་ཚོས་བློ་མཐུན་ཞིས་ཅིན་ཕིང་གིས་སྤྱི་ཁྱབ་ཧྲུའུ་ཅི་གནང་བའི་ཏང་ཀྲུང་དབྱང་གི་མཐའ་འཁོར་དུ་དེ་བས་མཐུན་སྒྲིལ་དམ་ཟབ་བྱས་ཏེ་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་ལྗོངས་ཏང་ཨུད་ཀྱི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་སེམས་ནུས་གཅིག་ཏུ་བསྒྲིལ་ནས་འགག་སྒྲོལ་དཀའ་སེལ་དང་དམ་པ་དོན་གཉེར་དང་གསར་གཏོད་ཀྱིས་ལས་ཀ་ཏན་ཏིག་བྱས་ཏེ་ད་རེས་ཀྱི་ཚོགས་འདུའི་ཐོག་གཏན་ལ་འཁེལ་བའི་ལས་འགན་ཁག་དོན་ཐོག་ཏུ་འཁྱོལ་བ་བྱས་ཐོག་ཚན་རིག་དང་མཐུན་པའི་འཕེལ་རྒྱས་དང་། ཞི་མཐུན་བརྟན་ལྷིང་། དམངས་འཚོ་ལེགས་གཏོང་། མི་རིགས་མཐུན་སྒྲིལ། ཆོས་ལུགས་འཆམ་མཐུན། སྣོད་བཅུད་བཟང་བ་བཅས་ཀྱི་རྣམ་པ་གསར་པ་ཧུར་ཐག་བཏོད་དེ་ཕུལ་དུ་བྱུང་བའི་གྲུབ་འབྲས་ཀྱི་ཐོག་ནས་རང་སྐྱོང་ལྗོངས་དབུ་བརྙེས་ཏེ་ལོ་50འཁོར་བར་བསུ་བ་ཞུ་དགོས་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།