འཚོལ་བཤེར།   
藏文频道
2015ལོའི་ཟླ་1ཚེས་23ཉིན།
  • མི་དམངས་དྲ་བ།>>འགོ་བརྗོད་གསར་འགྱུར།

    ༄༅།།བོད་ལྗོངས་ཀྱིས་ཁྲིམས་འཛུགས་བྱས་ནས་ཕོ་བྲང་པོ་ཏ་ལར་སྲུང་སྐྱོང་བྱ་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2015ལོའི་ཟླ་ 01ཚེས་23ཉིན། 09:25】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
          མི་དམངས་དྲ་བའི་འཕྲིན། ༼ འོད་ཟེར་ཉིན་རེའི་ཚགས་པར་ ༽ཐོག་གནས་ཚུལ་སྤེལ་བར་གཞིགས་ན། བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་སྐབས་བཅུ་པའི་ཚོགས་འདུ་ཐེངས་གསུམ་པའི་ཐོག་ནས་ཤེས་རྟོགས་བྱུང་བར་གཞིགས་ན། འདི་ལོར་བོད་ལྗོངས་ཀྱིས་༼ ཕོ་བྲང་པོ་ཏ་ལའི་རིག་གནས་ཤུལ་བཞག་དང་ལོ་རྒྱུས་ཀྱི་བཟོ་སྐྲུན་དངོས་པོ་སྲུང་སྐྱོབ་བྱེད་པའི་སྲོལ་ཡིག་ ༽བཟོས་ནས་ཕོ་བྲང་པོ་ཏ་ལར་ཁྲིམས་སྐྱོང་གི་ལམ་བུ་བརྒྱུད་སྲུང་སྐྱོབ་ཐུབ་པ་བྱ་རྒྱུ་ཡིན་པ་རེད།
          བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་པད་མ་འཕྲིན་ལས་ཀྱིས་བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་སྲུང་སྐྱོབ་བྱེད་ཤུགས་ཆེ་རུ་གཏོང་ཕྱིར་2014ལོར་བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་ཀྱིས་༼ བོད་རང་སྐྱོང་ལྗོངས་ཀྱི〈ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མངོན་མིན་རིག་གནས་ཤུལ་བཞག་བཅའ་ཁྲིམས〉ལག་ལེན་བསྟར་བའི་ལག་བསྟར་བྱེད་ཐབས་ ༽བཟོས་ནས་གཙོ་གནད་ཐོག་མངོན་མིན་རིག་གནས་ཤུལ་བཞག་བརྟག་དཔྱད་དང་། རྒྱུན་འཛིན། ཁྱབ་སྤེལ་བཅས་བྱ་རྒྱུ་ཚད་ལྡན་ཡོང་བ་བྱེད་པ་དང་། ཁྲིམས་འཛུགས་གཙོ་གཉེར་སྡེ་ཚན་གྱི་འགན་འཁྲི་གཏན་འཁེལ་བྱེད་པ། མངོན་མིན་རིག་གནས་ཤུལ་བཞག་གི་མཚོན་བྱེད་རང་བཞིན་གྱི་རྒྱུན་འཛིན་པ་དཔྱད་ཞིབ་དང་བྱ་དགའི་ལམ་ལུགས་བཟོ་བ་བཅས་བྱས་ནས་མི་རིགས་རིག་གནས་རྒྱུན་འཛིན་དང་། སྲུང་སྐྱོབ། འཕེལ་རྒྱས་བཅས་བྱ་ཕྱིར་ཁྲིམས་ལུགས་ཀྱི་ཐོག་ནས་འགན་ལེན་ཧུར་ཐག་བྱ་རྒྱུ་ཡིན་ཞེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།