འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།སྐབས་༣༦པའི་ཁེ་རོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་འགོ་ཚུགས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་13ཉིན། 10:57】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཟླ་༡༡ཚེས་༩ཉིན་གྱི་དགོང་མོར་སྐབས་༣༦པའི་ཁེ་རོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དེ་ཁེ་རོའི་གནའ་ཤུལ་གྲགས་ཅན་ས་ལ་ཏིང་མཁར་གྲོང་དུ་འགོ་ཚུགས་ཤིང་། ཁྱོན་རྒྱལ་ཁབ་༣༠ཡི་གློག་བརྙན་ཐག་༦༤འགྲེམས་སྟོན་ནང་ཞུགས་པ་དང་དེའི་ནང་རྒྱལ་ཁབ་༡༤ཡི་གློག་བརྙན་ཁག་༡༦གིས“གསེར་གྱི་གཏོར་གཟུགས་མཆོད་རྟེན་བྱ་དགའ”བརྩོན་ལེན་བྱ་རྒྱུ་ཡིན་པ་རེད།  ཁེ་རོའི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་དེ་ནི་སྤྱི་ལོ་༡༩༧༦ལོ་ནས་གཉེར་འགོ་ཚུགས་པ་དང་། ལོ་རེར་ཐེངས་རེ་གཉེར་བ་དང་། དབུས་ཤར་དང་གླིང་ཆེན་ཨ་ཧྥེ་རི་ཁ་ཁུལ་གྱི་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གལ་ཆེན་ཡིན་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།