འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།བོད་ལྗོངས་སུ་སློབ་གྲྭ་སྣ་ཚོགས་གཉེར་བར་ཁེ་ལས་ཀྱི་ཐོབ་ཁྲལ་ལོ་༥རྩ་ཆག་གཏོང་རྒྱུ་ཡིན་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་13ཉིན། 10:38】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་ལྗོངས་ཀྱིས་<<བོད་རང་སྐྱོང་ལྗོངས་ཀྱི་ཚོང་འགུགས་མ་འདྲེན་གྱི་གཏན་འབེབས་འགའ་ཞིག་>>(གཤམ་དུ་མིང་བསྡུས་ཏེ་<<གཏན་འབེབས་>>ཞེས་བརྗོད་རྒྱུ)ཞེས་པ་བཏོན་ཡོད་ཅིང་། <<གཏན་འབེབས་>>ནང“སློབ་གྲྭ་སྣ་ཚོགས་གཉེར་བར་ཁེ་ལས་ཀྱི་ཐོབ་ཁྲལ་ལོ་༥རྩ་ཆག་གཏོང་རྒྱུ”སོགས་རྣམ་གྲངས་༡༡གི་གཟིགས་སྐྱོང་ཆ་རྐྱེན་ཚུད་ཡོད་པས་རྒྱལ་ཁབ་ཕྱི་ནང་གི་མ་འཇོག་མཁན་ཚོས་མ་རྩ་ཁེར་འཇོག་དང་། མ་རྩ་མཉམ་འཇོག མཉམ་ལས་བཅས་བྱང་ཏེ་སྐྱིན་གསབ་ཚོང་དོན་དང་ལས་སྣོན་ཚོང་དོན་གཉེར་ནས་ལག་རྩལ་གཞན་སྒྱུར་མཉམ་ལས་དང་འགན་གཙང་ལེན་པ་སོགས་མ་འཇོག་གཉེར་སྐྱོང་གི་བྱ་ཐབས་ཐོག་ནས་བོད་རང་སྐྱོང་ལྗོངས་སུ་མ་འཇོག་དང་ལས་རིགས་དར་རྒྱས་གཏོང་བར་ཡོང་རྒྱུར་སྐུལ་མ་བཏང་ཡོད་པ་རེད།
         <<གཏན་འབེབས་>>གཞིར་བཟུང་། རྫོང་མན་ཆད་ཀྱི་གྲོང་ཁྱེར་དང་གྲོང་རྡལ་དང་ཞིང་འབྲོག་ཁུལ་དུ་སྨན་བཅོས་འཕྲོད་བསྟེན་བྱ་གཞག་གཉེར་བར་ཁེ་ལས་ཀྱི་ཐོབ་ཁྲལ་གནས་སྐབས་རྩ་ཆག་གཏོང་རྒྱུ་དང་། སློབ་གྲྭ་དང་། བུ་བཅོལ་ཁང་། སྤྱོད་གོ་ཆོད་པའི་ལག་རྩལ་གསོ་སྦྱོང་འཛིན་གྲྭ་བཅས་དང་དེ་བཞིན་རིག་རྩལ་འཁྲབ་སྟོན་ཚོགས་པ་དང་། ལུས་རྩལ་འགྲན་བསྡུར་གྱི་འགན་འཁུར་ཚན་པ། རིག་གནས་དངོས་མང་སྟོན་ཚོགས་དང་འགྲེམས་ཚོགས་གཉེར་འགན་འཁུར་མཁན་སྒྲིག་གཞི་དང་གློག་བརྙན་སྟོན་མཁན་ཁེ་ལས་བཅས་ལ་ཐོན་སྐྱེད་གཉེར་སྐྱོང་གི་ཡོང་འབབ་དང་པོ་ཁྲལ་འཇལ་གྱི་ཁོངས་སུ་གཏོགས་པའི་ལོ་འཁོར་ནས་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་ལོ་༥རྩ་ཆག་གཏོང་རྒྱུ་དང་ཉི་ནུས་དང་། རླུང་ནུས། རྫབ་རླངས་སོགས་ལྗང་མདོག་ནུས་རྒྱུ་གསར་པ་འཛུགས་པ་དང་གཉེར་སྐྱོང་ཐད་མ་དངུལ་བཏང་ནས་ཐོན་སྐྱེད་གཉེར་སྐྱོང་གི་ཡོང་འབབ་དང་པོ་ཁྲལ་འཇལ་གྱི་ཁོངས་སུ་གཏོགས་པའི་ལོ་འཁོར་ནས་བཟུང་ཁེ་ལས་ཀྱི་ཐོབ་ཁྲལ་ལོ་༧རྩ་ཆག་གཏོང་རྒྱུ་རེད།
      

    ཕྱོགས་བསྡུས་གསར་འགྱུར།