འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་13ཉིན།
  • མི་དམངས་དྲ་བ།

    ༄༅།།ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨའོ་པ་མ་དང་ཞལ་འཛོམས་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་12ཉིན། 11:21】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
    ༄༅།།ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨའོ་པ་མ་དང་ཞལ་འཛོམས་གནང་བ།
        ཟླ་11ཚེས་11ཉིན་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞིས་ཅིན་ཕིང་གིས་ཀྲུང་ནན་ཧའེ་རུ་ཨ་རིའི་ཙུང་ཐུང་ཨའོ་་པ་མ་དང་ཞལ་འཛོམས་གནང་ཞིང་། རྒྱལ་ཁབ་གཉིས་ཀྱི་འགོ་གཙོས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་གྱི་འབྲེལ་བ་དང་ཐུན་མོང་དུ་སེམས་ཁུར་བྱེད་པའི་རྒྱལ་སྤྱི་དང་ས་ཁུལ་གྱི་གནད་དོན་སྐོར་ལྷག་བསམ་ཟོལ་མེད་ཀྱིས་དགོངས་འཆར་བརྗེ་རེས་གཏིང་ཟབ་པོ་གནང་བ་རེད།
          ཞིས་ཅིན་ཕིང་གིས་ཀྲུང་ཨ་རྒྱལ་ཁབ་གཉིས་བར་འབྲེལ་བ་བཙུགས་ནས་ལོ་ངོ་35འཁོར་བའི་ལོ་རྒྱུས་ཐོག་ནས་ཀྲུང་ཨའི་བར་གྱི་འབྲེལ་བ་བཟང་པོ་འདི་རྒྱལ་ཁབ་གཉིས་ཀྱི་མི་དམངས་ཀྱི་རྩ་བའི་ཁེ་ཕན་དང་མཐུན་ཀྱི་ཡོད་ལ། ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོའི་ཁུལ་དང་འཛམ་གླིང་ལའང་ཕན་ནུས་ལྡན་པ་ཞིག་ཡིན། འདི་ནི་ཀྲུང་ཨ་རྒྱལ་ཁབ་གཉིས་ཀྱི་འགོ་ཁྲིད་ཀྱིས་ཐུན་མོང་དུ་མཐའ་འཁྱོངས་བྱ་རྒྱུའི་འཐབ་ཇུས་ཀྱི་ངོས་འཛིན་གཅིག་མཐུན་ཡིན། ད་ལྟ་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་བར་འབྲེལ་བ་གསར་པ་བྱེད་པའི་འཐབ་ཇུས་ཀྱི་དམིགས་ཡུལ་ནི་ཧ་ཅང་གསལ་པོ་ཡིན་པས། ང་ཚོས་དེ་ཉིད་དོན་སྤྱི་ཙམ་དུ་རང་སོར་ལུས་སུ་འཇུག་མི་རུང་ལ། དུས་སྔ་མར་ཐོབ་པའི་གྲུབ་འབྲས་ལ་ཡིད་ཚིམ་ཡང་བྱ་མི་རུང་བར་ད་དུང་མུ་མཐུད་དེ་མདུན་དུ་བསྐྱོད་དགོས། ང་ཚོས་འཐབ་ཇུས་ཀྱི་མཐོ་ཚད་དང་ཡུན་རིང་གི་ལྟ་ཕྱོགས་གཞིར་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ་ཆུ་བསགས་རྫིང་བུ་ཆགས་པ་དང་ས་བསགས་རི་བོར་འགྱུར་བའི་སྙིང་སྟོབས་ལ་བརྟེན་ནས་ཀྲུང་ཨ་རྒྱལ་ཁབ་ཆེན་པོ་གཉིས་བར་གྱི་འབྲེལ་བ་གསར་པ་འཛུགས་སྐྱོང་ལ་སྐུལ་སྤེལ་རྒྱུན་ཆད་མེད་པར་གཏོང་དགོས་ཞེས་ནན་བཤད་གནང་བ་རེད། ཨའོ་པ་མས་ཨ་རིའི་ཕྱོགས་ཀྱིས་ཀྲུང་གོའི་ཕྱོགས་དང་མཉམ་དུ་དོན་འདིའི་ཆེད་དུ་འབད་བརྩོན་ཆེན་པོ་བྱེད་འདོད་ཡོད་ཅེས་གསུངས་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།