འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།༢༠༡༤ལོའི་དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>འཁྲབ་མཇུག་འགྲིལ་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 14:18】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་༢༠༡༤ལོའི་དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>དེ་ལྷ་ས་གྲོང་ཁྱེར་དུ་འཁྲབ་མཇུག་སྒྲིལ་བའི་འཁྲབ་སྟོན་བྱས་པ་རེད། ཟློས་གར་དེ་འཁྲབ་སྟོན་ནང་སྦྱོང་བྱེད་མཚམས་བཞག་ཏེ་སྔར་བས་རྒྱུ་སྤུས་དག་ཏུ་བཏང་རྗེས་ཕྱི་ལོའི་ཟླ་བ་བཞི་པར་སླར་ཡང་ལྟད་མོ་བའི་སྤྱན་ལམ་དུ་འབུལ་རྒྱུ་རེད།
          ༢༠༡༤ལོའི་དངོས་ལྗོངས་ཟློས་གར་ཆེ་གྲས་<<འུན་ཤིང་ཀོང་ཇོ་>>དེ་འདི་ལོའི་ཟླ་༤ཚེས་༢༠ཉིན་འཁྲབ་སྟོན་ཐོག་མ་བྱས་པ་དང་ཁྱོན་བསྡོམས་འཁྲབ་སྟོན་ཐེངས་༡༧༥བྱས་པར་ལྟད་མོ་བ་མི་ཐེངས་ཁྲི་༣༠ལྷག་ཙམ་ཟིན་ནས་འཁྲབ་སྟོན་བྱེད་འགོ་ཚུགས་ཚུན་གྱི་ཟིན་ཐོ་གསར་པ་བཏོད་ཡོད། ཟློས་གར་དེར་ན་ནིང་གི་རྨང་གཞིའི་ཐོག་ནང་དོན་རྩོམ་སྒྲིག་སྔར་བས་ཡག་པ་བྱས་པ་དང་། གར་སྟེགས་ཀྱི་འཁྲབ་ཆས་དང་། སྣང་ཚུལ་སྒྲིག་བཀོད། གཏམ་རྒྱུད་ཀྱི་བརྗོད་དོན་སོགས་ཀྱི་ཐད་བོད་ཀྱི་ས་ཁུལ་ཁག་གི་ཁྱད་ཆོས་ལྡན་པའི་རིག་གནས་མཉམ་འདྲེས་བྱས་པའི་ཁར་རིག་གནས་ཀྱི་ནང་དོན་དང་། དམངས་སྲོལ་གོམས་འདྲིས། རང་བྱུང་ཁོར་ཡུག འཁྲབ་སྟོན་འཁྲབ་རྩལ། མཐོ་གསར་ལག་རྩལ་བཅས“ཕྱོགས་ལྔ་གཞི་གཅིག”ཏུ་བསྡུས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།