འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་10ཉིན།
  • མི་དམངས་དྲ་བ།

    ༄༅།།ཆེ་དགྲ་ལྷས་གཙུག་ལག་ཁང་སོགས་ཀྱི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱས་ཚུལ་
    ལ་ཞིབ་བཤེར་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་10ཉིན། 14:13】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུའམ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་ཆེ་དགྲ་ལྷས་ལྷ་ལྡན་གཙུག་ལག་ཁང་དང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཤུལ། སྤྲོ་བདེ་ཁང་གསར་སོགས་སུ་ཕེབས་ནས་ལྷ་སའི་གྲོང་ཁུལ་རྙིང་པའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱས་ཚུལ་ལ་ཞིབ་བཤེར་གནང་ཞིང་། བོད་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་ལྕགས་རྭ་བློ་བཟང་བསྟན་འཛིན་ཞིབ་བཤེར་ལ་ལྷན་དུ་ཕེབས་ཡོད་པ་རེད།
         ཆེ་དགྲ་ལྷ་དང་བཅས་པས་སྔ་རྗེས་སུ་ལྷ་ལྡན་གཙུག་ལག་ཁང་དང་། ཆིང་སྲིད་གཞུང་གི་བོད་སྡོད་ཨམ་བན་ཡ་མོན་གནའ་ཁུལ། སྤྲོ་བདེ་ཁང་གསར་སོགས་སུ་ཕེབས་ནས་མེ་ཟོན་བདེ་འཇགས་དང་། རིག་དངོས་སྒྲིག་གཤོམ། རིག་དངོས་སྲུང་སྐྱོབ་ཉམས་གསོ་སོགས་ཀྱི་ད་ལྟའི་གནས་ཚུལ་ལ་གཟིགས་ཞིབ་གནང་བ་དང་འབྲེལ་ཉེ་འཁོར་སྐྲུན་དངོས་འཆར་འགོད་དོན་འཁྱོལ་བྱས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བའི་ལས་དོན་སྙན་སེང་གསན་པ་རེད།
         ཆེ་དགྲ་ལྷས་ལྷ་སར་ལོ་རྒྱུས་ཡུན་རིང་ལྡན་པ་དང་རིག་གནས་རྨང་གཞི་གཏིང་ཟབ་པས་ཕུན་སུམ་ཚོགས་པའི་རིག་དངོས་ཐོན་ཁུངས་སྲུང་སྐྱོབ་བྱེད་རྒྱུ་དེ་ནི་ཏང་ཀྲུང་དབྱང་གི་ཐུགས་ཁུར་བྱམས་སྐྱོང་དང་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་ལྔ་པའི་ཐོག་བཏོན་གནང་བའི་ཀྲུང་ཧྭ་མི་རིགས་ཀྱི་ཁྱད་ལྡན་རིག་གནས་སྲུང་སྐྱོབ་བྱ་ཡུལ་བསྐྲུན་རྒྱུའི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་དོན་འཁྱོལ་བྱེད་པའི་གལ་ཆེའི་བྱ་ཐབས་ཤིག་ཡིན་པས་རིམ་ཁག་འབྲེལ་ཡོད་སྡེ་ཚན་གྱིས་ནུས་ཤུགས་ཡོད་རྒུས་གྲོང་ཁུལ་རྙིང་པའི་རིག་དངོས་སྲུང་སྐྱོབ་དང་ཉམས་གསོའི་ལས་དོན་ལེགས་པར་བསྒྲུབ་དགོས་ཞེས་གསུངས་པ་རེད།
         ཆེ་དགྲ་ལྷས་འབྲེལ་ཡོད་ཚན་པ་ཁག་གིས་བསམ་བློ་གཅིག་གྱུར་དང་ངོས་འཛིན་མཐོ་རུ་བཏང་ནས་རྒྱལ་ཁབ་ཀྱི་གཟིགས་སྐྱོང་སྲིད་ཇུས་བེད་སྤྱོད་གང་ལེགས་བྱེད་པ་དང་། རིག་དངོས་སྲུང་སྐྱོབ་དང་ཉམས་བཟོའི་ལས་དོན་ཏན་ཏིག་བསྒྲུབས་ནས་ཏང་དང་སྲིད་གཞུང་ཐུགས་བློ་བདེ་པོ་དང་རྒྱ་ཆེའི་དགེ་འདུན་པ་དང་དད་ལྡན་མང་ཚོགས་ཐུགས་བློ་བདེ་པོ་ཡོང་བ་བྱེད་པ་དང་། དོན་དངོས་དང་ཟུང་འབྲེལ་གྱིས་ཚན་རིག་དང་མཐུན་པའི་ངང་འཆར་འགོད་དང་། དོ་དམ་ལ་ཤུགས་སྣོན། ཁྲིམས་ནན་པོ་འཛིན་པ་བཅས་ཀྱི་ཐོག་ནས་རིག་དངོས་སྲུང་སྐྱོབ་དང་ཉམས་གསོ་བྱེད་ཤུགས་སྔར་བས་ཆེ་རུ་གཏོང་བ། སྐུལ་སློང་རྒྱ་ཁྱབ་ཀྱིས་གཅིག་གྱུར་ལྟ་འདོམས་དང་། སྒྲིག་འཛུགས་དང་འགོ་ཁྲིད་ལ་ཤུགས་སྣོན། མཐུན་སྦྱོར་གཞོགས་འདེགས་ལ་སྣང་ཆེན་བཅས་བྱས་ནས་ལོ་རྒྱུས་ཡུན་རིང་ལྡན་པའི་གནའ་གྲོང་ལྷ་ས་འདི་ཉིད་སྲུང་སྐྱོབ་ཡག་པོ་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།
      

    ཕྱོགས་བསྡུས་གསར་འགྱུར།