འཚོལ་བཤེར།   
藏文频道
2014ལོའི་ཟླ་11ཚེས་2ཉིན།
  • མི་དམངས་དྲ་བ།

    ༄༅།།འབྲི་ཆུ་འགག་གསུམ་གྱི་ཚོད་ལྟའི་རང་བཞིན་གྱི་ཆུ་གསོག་དམིགས་འབེན་ལེགས་འགྲུབ་བྱུང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 11ཚེས་02ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། སྤྱི་ཚེས་༣༡ཉིན་གྱི་སྔ་དྲོའི་ཆུ་ཚད་བཅུའི་ཐོག འཛམ་གླིང་གི་ཆེས་ཆེ་བའི་ཆུ་བེད་ལྟེ་བ་སྟེ་འབྲི་ཆུ་འགག་གསུམ་བཟོ་སྐྲུན་གྱིས་རྨིད་175ཡི་ཚོད་ལྟའི་རང་བཞིན་གྱི་ཆུ་གསོག་དམིགས་འབེན་གསར་པ་ལེགས་འགྲུབ་བྱུང་བ་དང་། འདི་ནི་འགག་གསུམ་བཟོ་སྐྲུན་གྱིས་བསྟུད་མར་ལོ་ལྔའི་རིང་སྐྱོན་བྲལ་ངང་རྨིད་175ཡི་ཚོད་ལྟའི་རང་བཞིན་གྱི་ཆུ་གསོག་ལེགས་འགྲུབ་བྱུང་བ་ཡིན་ལ། མིག་སྔར་ལྟ་སྐུལ་གྱི་ཚད་གཞི་སོ་སོ་བདེ་འཇགས་ཡིན་པ་རེད།
          ཀྲུང་གོའི་འབྲི་ཆུ་འགག་གསུམ་ཚོགས་པ་ཀུང་སི་ནས་རྒྱུས་ལོན་བྱུང་བར་གཞིགས་ན། རྒྱལ་ཁབ་ཆུ་ལོག་དང་ཐན་འགོག་སྤྱི་ཁྱབ་པུའུ་ཡིས་ཆོག་མཆན་གནང་བ་ལྟར། ད་ལོའི་སྤྱི་ཟླ་༩པའི་ཚེས་༡༥ཉིན་གྱི་ཐོ་རེངས་ནས་བཟུང་། འགག་གསུམ་བཟོ་སྐྲུན་གྱིས་རྨིད་175ཡི་ཚོད་ལྟའི་རང་བཞིན་གྱི་ཆུ་གསོག་དམིགས་འབེན་གསར་པ་སྤེལ་འགོ་ཚུགས་པ་དང་། སྐབས་དེར་འབྲི་ཆུ་འགག་གསུམ་དུ་ཆུ་ལོག་བྱུང་སྟབས། ཆུ་གསོག་དང་ཆུ་ལོག་སྔོན་འགོག་གི་ལས་དོན་དུས་མཉམ་དུ་སྤེལ་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།