འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་31ཉིན།
  • མི་དམངས་དྲ་བ།

    ༄༅།།ཀྲུང་གོའི་འཐུས་མིས་འགྲོ་བ་མིའི་ཐོབ་ཐང་བྱ་གཞག་གོང་འཕེལ་ལ་སྐུལ་འདེད་གཏོང་བར་
    རང་བདག་གདམ་ག་བྱ་རྒྱུར་བརྩི་འཇོག་བྱེད་དགོས་པའི་ནན་བཤད་གནང་བ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་31ཉིན། 13:24】   (རྩོམ་སྒྲིག་འགན་འཁུར་པ། ལྷ་ལུང་།)

     
        མི་དམངས་དྲ་བའི་འཕྲིན། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་ཞུགས་ཀྲུང་གོའི་སྐུ་ཚབ་གཞོན་པ་ཝང་མིན་གྱིས་སྤྱི་ཚེས་29ཉིན། རྒྱལ་ཁབ་ཁག་གིས་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམ་པའི་འགྲོ་བ་མིའི་ཐོབ་ཐང་གི་གོང་འཕེལ་འགྲོ་ལམ་ཐོག་བསྐྱོད་རྒྱུའི་གདམ་ག་བྱེད་དབང་དང་རང་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནང་གི་ལས་འགན་སྔོན་ཐོབ་ནས་གཏན་འཁེལ་བྱེད་དབང་ཡོད་པ་དང་། རྒྱལ་ཁབ་ཁག་གིས་རྒྱལ་ཁབ་གཞན་དག་གིས་བདམ་ཁ་བྱས་པའི་གོང་འཕེལ་འགྲོ་ལམ་ལ་བརྩི་བཀུར་ཞུ་དགོས་ཞེས་གསུངས་ཡོད་པ་རེད།
         ཁོང་གིས། ཀྲུང་གོའི་ཕྱོགས་ནས་རང་བདག་གདམ་ག་བྱ་རྒྱུར་བརྩི་བཀུར་བྱེད་དགོས་པའི་འདོད་ཚུལ་འཛིན་གྱི་ཡོད། རྒྱལ་ཁབ་ཁག་གི་སྲིད་གཞུང་དང་མི་དམངས་ལ་རང་རྒྱལ་ཁབ་ཀྱི་རྒྱལ་ཚུལ་དང་འཚམས་པའི་འགྲོ་བ་མིའི་ཐོབ་ཐང་གི་གོང་འཕེལ་ལམ་བུ་བདམ་ཁ་བྱེད་དབང་དང་རང་རྒྱལ་ཁབ་ཀྱིས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ནང་གི་ལས་འགན་སྔོན་ཐོབ་ནས་གཏན་འཁེལ་བྱེད་དབང་ཡོད། རྒྱལ་ཁབ་ཁག་གིས་སྤྱི་ཚོགས་ལམ་ལུགས་དང་འདུ་ཤེས་རྣམ་པའི་ཧེ་བག་དང་ཕྱོགས་ལྷུང་མེད་པའི་ཐོག་ནས་རྒྱལ་ཁབ་གཞན་དག་གིས་བདམ་ཁ་བྱས་པའི་གོང་འཕེལ་འགྲོ་ལམ་ལ་བརྩི་བཀུར་བྱེད་དགོས། ཕན་ཚུན་བསམ་ཤེས་དང་ཕན་ཚུན་བཟོད་སྒོམ་བྱས་ཏེ། མེ་ཏོག་སྣེ་བརྒྱ་བཞད་པའི་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གོང་འཕེལ་གྱི་གནས་བབ་ཅིག་བསྐྲུན་དགོས་ཞེས་དང་། ཁོང་གིས། ཀྲུང་གོའི་ཕྱོགས་ནས་སྐད་ཆ་ཤོད་རེས་ཀྱི་མཉམ་ལས་ལ་ཤུགས་སྣོན་རྒྱག་རྒྱུའི་འདོད་ཚུལ་འཛིན་གྱི་ཡོད་ལ། དགེ་མཚན་ལྡན་པའི་སྐད་ཆ་ཤོད་རེས་དང་མཉམ་ལས་བྱ་རྒྱུ་དེས་འགྲོ་བ་མིའི་ཐོབ་ཐང་ཁྱབ་ཁོངས་ཀྱི་ཡར་རྒྱས་འགྲོ་ཕྱོགས་དང་གོང་འཕེལ་གྱི་ཁ་ཕྱོགས་མཚོན་གྱི་ཡོད་ཅེས་གསུངས་ཡོད་པ་རེད།
      

    ཕྱོགས་བསྡུས་གསར་འགྱུར།