འཚོལ་བཤེར།   
藏文频道
2014ལོའི་ཟླ་10ཚེས་29ཉིན།
  • མི་དམངས་དྲ་བ།

    ༄༅།།སློབ་གསོ་པུས་སློབ་དེབ་ནང་བརྡ་ཁྱབ་དྲིལ་བསྒྲགས་ཀྱི་ནང་དོན་ཡོད་མི་རུང་བའི་ནན་
    བཤད་བསྐྱར་དུ་བྱས་པ།

    གསར་འགྱུར་སྤེལ་དུས།  【2014ལོའི་ཟླ་ 10ཚེས་29ཉིན། 09:17】   (རྩོམ་སྒྲིག་འགན་འཁུར་པ། སྙིང་ལྕགས།)

     
         མི་དམངས་དྲ་བའི་འཕྲིན། ཉེ་ཆར་སྨྱན་སྦྱོར་གྱིས་པེ་ཅིང་གྲོང་ཁྱེར་བྱམས་སེམས་སློབ་གསོ་ཞིབ་འཇུག་ཁང་གིས་རྩོམ་སྒྲིག་བྱས་པའི་སློབ་དེབ་ནང་བརྡ་ཁྱབ་ཀྱི་ནང་དོན་ཡོད་པའི་གནས་ཚུལ་གཏོང་སྤེལ་བྱས་པར་གཞིགས་ཏེ། ཚེས་23ཉིན་སློབ་གསོ་པུས་སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་རྩོམ་སྒྲིག་དང་ཞིབ་དཔྱད་དོ་དམ་གྱི《འོས་འགན་སློབ་གསོའི་སློབ་ཚན་གྱི་ཚད་གཞིའི་ཚོད་ལྟའི་སློབ་དེབ་དག་བཅོས་བྱ་རྒྱུར་བསྐྱལ་བའི་ལས་དོན་སྤེལ་འགོ་འཛུགས་རྒྱུའི་བརྡ་ཐོའི》ནང“སློབ་དེབ་ནང་བརྡ་ཁྱབ་དྲིལ་བསྒྲགས་ཀྱི་ནང་དོན་ཡོད་མི་རུང་བའི”གཏན་འབེབས་ཁ་གསལ་བྱས་ཡོད་ཅིང་། ད་ཆ་སློབ་གསོ་པུས་འབྲེལ་ཡོད་གཙོ་འགན་དོ་དམ་སྡེ་ཚན་དང་མཉམ་དུ་གནས་ཚུལ་དེར་བརྟག་དཔྱད་དང་ཐག་གཅོད་བྱེད་བཞིན་ཡོད།
         ཤེས་རྟོགས་བྱུང་གསལ། སློབ་གསོ་པུས་ཉིན་ཤས་གོང《སློབ་གྲྭ་འབྲིང་ཆུང་གི་སློབ་དེབ་གདམ་སྤྱོད་དོ་དམ་གྱི་གནས་སྐབས་ལག་བསྟར་བྱ་ཐབས》བཀྲམ་པ་དང་བྱ་ཐབས་ནང་འཁོད་པའི་སློབ་དེབ་ཅེས་པ་ནི་རྒྱལ་སྲིད་སྤྱི་ཁྱབ་ཁང་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ཞིབ་བཤེར་གཏན་འབེབས་དང་དེས་དབང་ཆ་སྤྲད་པ་ལྟར་ཞིབ་བཤེར་གཏན་འབེབས་བྱས་པའི་འོས་འགན་སློབ་གསོ་དང་མཐོ་རིམ་སློབ་འབྲིང་དཀྱུས་མའི་སློབ་ཁྲིད་ཐད་སྤྱོད་པའི་སློབ་དེབ(སློབ་ཁྲིད་ཀྱི་དཔེ་རིས་དང་སྒྲ་འབེབས་བརྙན་འབེབས་ཀྱི་དཔྱད་གཞི་སོགས་ཆ་ཚང་ཚུད)ལ་གོ་དགོས།
         བྱ་ཐབས་ནང་སློབ་དེབ་གདམ་སྤྱོད་ཨུ་ལྷན་དེ་ཉིད་སློབ་ཚན་སློབ་གཞི་རིགས་གཅིག་མཁས་ཅན་དང་། སློབ་ཞིབ་པ། སློབ་གྲྭ་འབྲིང་ཆུང་གི་སློབ་སྤྱི་དང་དགེ་རྒན་སོགས་ལས་གྲུབ་པ་ཞིག་ཡིན་དགོས་པའི་ནང་སློབ་ཁྲིད་བྱེད་མཁན་གྱི་དགེ་རྒན་གཉིས་ཆ་གཅིག་ལས་མི་ཉུང་བ་དགོས། སློབ་དེབ་གདམ་སྤྱོད་ཨུ་ལྷན་གྱིས་རིག་ཚན་ཚོགས་ཆུང་བགོས་ཏེ་སློབ་དེབ་ཀྱི་ཐོག་མའི་གདམ་སྤྱོད་ལས་དོན་ལ་འགན་འཁུར་དགོས། སློབ་དེབ་རྩོམ་སྒྲིག་བྱེད་མཁན་དང་དཔེ་སྐྲུན་འགྲེམ་སྤེལ་བྱེད་མཁན་གྱིས་སློབ་དེབ་གདམ་སྤྱོད་ཨུ་ལྷན་གྱི་ཁོངས་མིའི་འགན་འཁུར་མི་ཆོག་ཅེས་བསྟན་ཡོད།
         བྱ་ཐབས་ནང་སློབ་དེབ་ཀྱི་པར་གཞི་འདེམས་སྤྱོད་བྱས་རྗེས་སློབ་དུས་ཀྱི་དུས་མཚམས་མཇུག་མ་འགྲིལ་དབར་སློབ་དེབ་བརྗེ་མི་ཆོག གལ་ཏེ་སློབ་དེབ་ཀྱི་པར་གཞི་བརྗེ་དགོས་བྱུང་ཚེ་སློབ་གྲྭ་དེའི་ལོ་རིམ་དང་པོ་ནས་འགོ་འཛུགས་དགོས་པ་དང་། སློབ་གྲྭས་གཙོ་འགན་དོ་དམ་སྡེ་ཚན་གྱི་སློབ་གསོའི་སྲིད་འཛིན་སྡེ་ཚན་ལ་ཡིག་ཐོག་རེ་ཞུ་ཕུལ་རྗེས་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ཆེད་ལས་སྒྲིག་གཞིར་བེད་སྤྱོད་བྱེད་མཁན་ས་ཁུལ་གྱི་སློབ་གྲྭའི་དགེ་རྒན་དང་། སློབ་ཕྲུག  ཁྱིམ་བདག་བཅས་ཀྱི་བསམ་འཆར་བསྡུ་ལེན་དང་དཔྱད་དཔོག་བྱེད་རྒྱུའི་མངགས་བཅོལ་བྱེད་དགོས་པ་མ་ཟད། གལ་ཏེ་ས་ཁུལ་དེ་གའི་སློབ་གསོ་སློབ་ཁྲིད་ཀྱི་དོན་དངོས་དང་མི་འཚམ་ཚེ་སློབ་དེབ་གདམ་སྤྱོད་ཨུ་ལྷན་གྱིས་གོ་རིམ་བཞིན་པར་གཞི་གཞན་འདེམས་སྤྱོད་བྱེད་དགོས་པའི་བླང་བྱ་བཏོན་ཡོད།
         བྱ་ཐབས་ནང་སློབ་དེབ་རྩོམ་འབྲི་དང་། པར་སྐྲུན། འགྲེམས་སྤེལ་སོགས་བྱེད་མཁན་ཚན་པ་དང་མི་སྣས་ཚུལ་མིན་གྱི་འགྲན་རྩོད་བྱེད་ཐབས་གང་རུང་ལ་བརྟེན་ནས་སློབ་དེབ་འདེམས་སྤྱོད་ལ་ཐེ་ཇུས་བྱེད་མི་ཆོག མངགས་བཅོལ་དང་ལྐོག་རྔན་སྤྲོད་པ་སོགས་ཚུལ་མིན་གྱི་བྱ་ཐབས་ལ་བརྟེན་ནས་སློབ་དེབ་འདེམས་སྤྱོད་ཀྱི་རྒྱུན་གཏན་སྒྲིག་ལམ་དཀྲུགས་ཚེ་ཞིང་ཆེན་རིམ་པའི་སློབ་གསོའི་སྲིད་འཛིན་སྡེ་ཚན་གྱིས་ངེས་པར་དུ་སློབ་དེབ་དེ་ཉིད་སྲིད་འཛིན་མངའ་ཁོངས་དེའི་ཁུལ་དུ་འདེམས་སྤྱོད་བྱ་རྒྱུ་མེད་པ་བཟོས་ནས་ཞིང་ཆེན་ཡོངས་སུ་བརྡ་ཁྱབ་གཏོང་དགོས་པ་དང་གནས་ཚུལ་ཚབས་ཆེ་བ་དང་ཉེས་གསོག་གི་དོགས་པ་ཡོད་ཚེ་ཁྲིམས་འཛིན་ལས་ཁུངས་སུ་ཐག་གཅོད་བྱ་རྒྱུར་སྐྱེལ་རྒྱུའི་ནན་བཤད་བྱས་ཡོད།
      

    ཕྱོགས་བསྡུས་གསར་འགྱུར།